འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།བོད་ལྗོངས་མཚོ་གཉིས་རྫོང་གི་རྫོང་ཨུད་ཧྲུའུ་ཅི་རྣམ་འཕེལ་ལ་བཅར་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་15ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།བོད་ལྗོངས་མཚོ་གཉིས་རྫོང་གི་རྫོང་ཨུད་ཧྲུའུ་ཅི་རྣམ་འཕེལ་ལ་བཅར་འདྲི་གནང་བ།
      མི་དམངས་དྲ་བའི་འཕྲིན། ཟླ་༡ཚེས་༡༢ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོ་རུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྐབས་དང་པོའི་རྫོང་ཨུད་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་དང་བཞུགས་མོལ་གནང་བ་རེད། བོད་ལྗོངས་ནག་ཆུ་མཚོ་གཉིས་རྫོང་གི་རྫོང་ཨུད་ཧྲུའུ་ཅི་རྣམ་འཕེལ་ཡང་བཞུགས་མོལ་ཚོགས་འདུ་དེའི་ནང་ཞུགས་ཡོད་པས། ཚེས་༡༣ཉིན། གསར་འགོད་པས་ཁོང་ལ་བཅར་འདྲི་གནང་བ་གཤམ་གསལ་ལྟར།
    གསར་འགོད་པ།   ཧྲུའུ་ཅི་རྣམ་འཕེལ་ལགས། ཁ་སང་༼ཟླ་༡ཚེས་༡༢༽གི་བཞུགས་མོལ་ཚོགས་འདུའི་སྟེང་ཁྱེད་རང་གཏམ་བཤད་མཁན་ཨང་ག་ཚོད་ཡིན་ནམ།
    རྣམ་འཕེལ།  ང་གཏམ་བཤད་གནང་མཁན་ཨང་བཞི་བ་རེད།
    གསར་འགོད་པ།  གཏམ་བཤད་གནང་སྐབས་ཁྱེད་རང་ལ་འཚུབ་ཆ་དེ་ཙམ་ལངས་སོང་ངམ།
    རྣམ་འཕེལ།   དངོས་འབྲེལ་བཤད་ན་སྐབས་དེར་འཚུབ་ཆ་ཅུང་ཙམ་ལངས་སོང་། གཞི་རིམ་དང་མཐའ་ཁུལ། ཆེས་དཀའ་ཁག་ཆེ་སའི་རྫོང་ཞིག་གི་རྫོང་ཨུད་ཧྲུའུ་ཅི་ཡིན་པའི་ངོས་ནས་ཐད་ཀར་སྤྱི་ཁྱབ་ཧྲུའུ་ཅིར་ལས་དོན་གནས་ཚུལ་ཡར་ཞུ་གནང་ཐུབ་པ་ནི་ཆེས་གཟི་བརྗིད་ལྡན་པའི་དོན་དག་ཅིག་ཡིན་པར་སེམས།
    གསར་འགོད་པ།  འོ་ན་ཁྱེད་རང་གིས་སྐབས་དེར་གནས་ཚུལ་ཅི་ཞིག་ཡར་ཞུ་གནང་བ་ཡིན་ནམ།
    རྣམ་འཕེལ།   ངས་ཐོག་མར་མཚོ་གཉིས་རྫོང་གི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། དེ་ནས་རང་ཉིད་ཀྱིས་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་སློབ་སྤྱོང་བྱས་པའི་འབྲས་བུ་ཡར་ཞུ་བྱས། མཐར་མཚོ་གཉིས་རྫོང་གི་མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་བརྗོད་པ་མ་ཟད། དེ་མིན་མཚོ་གཉིས་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བསམ་ཚུལ་འགའ་ཡང་ཡར་ཞུ་བྱས་པ་ཡིན།
    གསར་འགོད་པ།  གཏམ་བཤད་ཀྱི་གོ་རིམ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་ག་འདྲ་གནང་སོང་ངམ།
    རྣམ་འཕེལ།  མཛུབ་སྟོན་ཐེངས་མང་གནང་སོང་།
    གསར་འགོད་པ།   བཞུགས་མོལ་ཚོགས་འདུའི་རྣམ་པ་ཅི་འདྲ་འདུག
    རྣམ་འཕེལ།   ཚོགས་འདུའི་ཁ་དབུགས་ཧ་ཅང་ཞི་མཐུན་དང་འཁྲུག་ཆ་དོད་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་རྒན་རབས་པ་ཞིག་དང་རྫོང་ཨུད་ཧྲུའུ་ཅི་རྙིང་པ་ཞིག་གི་ངོས་ནས་ང་ཚོར་ཉམས་མྱོང་མང་པོ་བསྩལ་བ་མ་ཟད། ཁྱོན་ཡོངས་དང་ཏང་ཡོངས་ཀྱི་ངོས་ནས་རྫོང་ཨུད་ཧྲུའུ་ཅི་བཟང་པོ་ཞིག་ཅི་ལྟར་བྱེད་དགོས་པའི་ཐད་དགོངས་འཆར་གང་མང་བཏོན།
    གསར་འགོད་པ།   སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ཁྲོད་ཁྱེད་རང་ལ་བག་ཆགས་ཆེས་ཟབ་པའི་སྐད་ཆ་གང་ཡིན་ནམ།
    རྣམ་འཕེལ། བག་ཆགས་ཆེས་ཟབ་པའི་སྐད་ཆ་ནི། ཅའོ་དབྱི་ལུའུ་ལྟར་སེམས་ནང་ཏང་ཡོད་པ་དང་། མི་དམངས་ཡོད་པ། འགན་འཁྲི་ཡོད་པ། རང་གཅུན་ཐུབ་པ་བཅས་ཀྱི་རྫོང་ཨུད་ཧྲུའུ་ཅི་ཞིག་བྱེད་དགོས་ཞེས་པ་དེ་རེད།
    གསར་འགོད་པ།   ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་སྟེང་ཁྱེད་རང་ལ་མྱོང་ཚོར་ག་འདྲ་བྱུང་ཡོད།
    རྣམ་འཕེལ།   སྤྱི་ཁྱབ་ཧྲུའུ་ཅི་དང་ཉེ་བར་བཅར་ནས་ལས་དོན་གནས་ཚུལ་ཡར་ཞུ་བྱེད་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་རེད་བསམ་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།