འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་མི་འགྱང་བར་2015ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སུ་
    ཞུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་14ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧོང་ལེ་ཡིས་ཟླ་1ཚེས་13ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་དང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གདན་ཞུས་གནང་བ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས་20ཉིན་ནས་ཚེས་22ཉིན་བར། སུའེ་ཙེར་ཏཱ་ཝོ་སི་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པའི་2015ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སུ་ཞུགས་རྒྱུ་ཡིན་པ་མ་ཟད། ད་དུང་སུའེ་ཙེར་རྒྱལ་ཁབ་ཏུ་ལས་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།