འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་
    ཞིབ་འཇུག་ལྷན་ཚོགས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་14ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཚེས་12ཉིན་དངོས་སུ་བཙུགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་སྒྲིག་ཡིག་འཆར་ཟིན་དང་འབྲེལ་ཡོད་མི་དོན་བྱ་བའི་སྐོར་གསལ་བཤད་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་དང་གྲོས་འཆམ་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་གཙོ་དང་། ལས་འཛིན་ཚོགས་གཙོ་གཞོན་པ། དྲུང་ཆེ་བཅས་བདམས་ཐོན་བྱུང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཆེ་ཏོན་ཤང་ཀྲེང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་ཚོགས་གཙོ་ལ་བདམས་ཐོན་བྱུང་བ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།
          པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་སྐབས་ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད། ཁྲིམས་སྐྱོང་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་བ་བཅས་ཀྱི་དུས་བབ་གསར་པའི་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཚེས་12ཉིན་དངོས་སུ་བཙུགས་པ་དེ་ནི་བོད་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྱོང་དང་མི་དམངས་འཐུས་ཚོགས་ལས་དོན་གྱི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད། མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དུས་བབ་གསར་པའི་འོག་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་བོད་དུ་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད། ཞིབ་འཇུག་ལྷན་ཚོགས་བཙུགས་པ་དེ་གོ་སྐབས་སུ་བརྩིས་ནས་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་དང་མི་དམངས་འཐུས་ཚོགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་རིན་ཐང་ཡོད་པའི་ཞིབ་འཇུག་གི་གྲུབ་འབྲས་ཐོབ་པ་བྱས་ཏེ་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱིས་དུས་བསྟུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་འཕེལ་རིམ་ཁྲོད་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བསྟན་པ་རེད། 
         པད་མ་འཕྲིན་ལས་ཀྱིས་གཅིག་ནས་དུས་བབ་དང་ལས་འགན་གསལ་རྟོགས་ཐུབ་པ་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ཀྱི་གལ་ཆེའི་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུར་ངོས་འཛིན་གནད་འཁེལ་གང་ལེགས་བྱེད་དགོས་པ་དང་། གཉིས་ནས་ཁ་ཕྱོགས་དང་རྩ་དོན་བརྟན་པོ་ཡོང་བ་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་རང་བཞིན་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ། གསུམ་ནས་ལག་ལེན་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 
         ཏོན་ཤང་ཀྲེང་གིས་གཏམ་བཤད་གནང་སྐབས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་ནས་ཞིབ་འཇུག་ལྷན་ཚོགས་དེ་བསམ་བློའི་འཐབ་སར་དངོས་འབྲེལ་གཉེར་བ་དང་། ལྗོངས་ཡོངས་ཀྱི་སྤྱི་ཡོངས་དང་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་བསྒྲུབ་རྒྱུར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིབ་འཇུག་ལྷན་ཚོགས་དེ་རིགས་པའི་གཞུང་ལུགས་ཀྱི་མཐོ་ས་ཞིག་ཏུ་དངོས་འབྲེལ་གཉེར་དགོས་པ། ལས་སྒོ་གཙོ་བོ་ཡིན་པའི་“ཞིབ་འཇུག”དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཞིབ་འཇུག་ལྷན་ཚོགས་དེ་རིག་མཛོད་ཀྱི་ནོར་བུའི་ས་ཆ་ཞིག་ཏུ་དངོས་འབྲེལ་གཉེར་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་བོད་དུ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།