འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་13ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་གྱི་ཕྱི་དྲོར་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་ལྷ་ས་གྲོང་ཁྱེར་དུ་མཇུག་བསྒྲིལ་ཞིང་། གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ཟླ་1ཚེས་16ཉིན་ནས་ཚེས་20ཉིན་གྱི་བར་ལྷ་ས་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་གཏན་འཁེལ་བྱས་པ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་མཇུག་སྒྲིལ་བའི་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེ་དང་། ལི་སུའུ་ཀྲི། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། པད་མ་རྣམ་རྒྱལ། བློ་བཟང་འཇིགས་མེད། ལྕང་ལོ་བྱམས་པ་མཁས་གྲུབ། ཅིན་ཧྲི་ཞོན། བསོད་ནམས་རིག་འཛིན། ངག་དབང་། མཚམས་གཅོད། ང་ཕོད་འཇིགས་ཡོན། དྲུང་ཡིག་ཆེན་མོ་བསོད་ནམས་འཕེལ་རྒྱས་བཅས་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།