འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཁྲེན་ཏུའུ་ནས་ནན་ཅིང་དུ་འཕུར་བ་དང་ཁྲུང་ཆིན་
    ནས་ཧྲེང་ཀྲེང་དུ་འཕུར་བའི་མཁའ་ལམ་གཉིས་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་14ཉིན། 08:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཁའ་འགྲུལ་ཀུང་སི་འདི་ཉིད་ཀྱིས་སྤྱི་ཟླ་1ཚེས་10ཉིན་དང་ཚེས་11ཉིན་གཉིས་ལ་སྔ་རྗེས་སུ་ཁྲེན་ཏུའུ་ནས་ནན་ཅིང་དུ་འཕུར་བ་དང་ཁྲུང་ཆིན་ནས་ཧྲེང་ཀྲེང་དུ་འཕུར་བའི་མཁའ་ལམ་གསར་པ་གཉིས་ཤར་གཏོང་བྱས་པ་རེད།
         སྤྱི་ཟླ་1ཚེས་10ཉིན་ནས་བཟུང་ཁྲེང་ཏུའུ་ནས་ནན་ཅིང་དུ་འཕུར་བའི་མཁའ་ལམ་ཤར་གཏོང་བྱས་ཤིང་། གནམ་གྲུའི་ཨང་གྲངས་ནི་TV9839/9840ཡིན་ཞིང་། ཉིན་རེར་ཐེངས་རེ་འཕུར་བ་དང་། དགོང་མོའི་ཆུ་ཚོད་20དང་སྐར་མ་35ཐོག་ཁྲིང་ཏུའུ་ནས་འཕུར་བ་དང་། དགོང་མོའི་ཆུ་ཚོད་22དང་སྐར་མ་50ཐོག་ནན་ཅིང་དུ་འབྱོར་བ། དགོང་མོའི་ཆུ་ཚོད་22དང་སྐར་མ་15ཐོག་ནན་ཅིང་ནས་འཕུར་བ་དང་། ཕྱི་ཉིན་གྱི་ཞོགས་པའི་ཆུ་ཚོད་1དང་སྐར་མ་5ཐོག་ཁྲེང་ཏུའུ་ལ་འབྱོར་བ་རེད།
         སྤྱི་ཟླ་1ཚེས་11ཉིན་ནས་བཟུང་ཁྲུང་ཆིན་ནས་ཧྲེང་ཀྲེང་ལ་འཕུར་བའི་མཁའ་ལམ་ཤར་གཏོང་བྱས་ཤིང་། གནམ་གྲུའི་ཨང་གྲངས་ནི་TV9867/9868ཡིན་པ་དང་། ཉིན་རེར་ཐེངས་རེ་འཕུར་བ་དང་། ཉིན་གུང་གི་ཆུ་ཚོད་13དང་སྐར་མ་40ཐོག་ཁྲུང་ཆིན་ནས་འཕུར་བ་དང་། ཕྱི་དྲོའི་ཆུ་ཚོད་15དང་སྐར་མ་40ཐོག་ཧྲེང་ཀྲེང་དུ་འབྱོར་བ། ཕྱི་དྲོའི་ཆུ་ཚོད་16དང་སྐར་མ་40ཐོག་ཧྲེང་ཀྲེང་ནས་འཕུར་བ་དང་། ས་སྲོད་ཀྱི་ཆུ་ཚོད་18དང་སྐར་མ་55ཐོག་ཁྲུང་ཆིན་དུ་འབྱོར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།