འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བརྙན་འཕྲིན་
    ཁ་པར་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་10ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་བཞག་ནས་བདེ་འཇགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་། འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་དམ་འཛིན། བདེ་འཇགས་བྱེད་ཐབས་ལག་བསྟར་ཤུགས་ཆེན། སྒྱུར་བཅོས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལས་འཛོལ་ཆེ་གྲས་དང་ཤིན་ཏུ་ཆེ་གྲས་སྔོན་འགོག་ནུས་ལྡན་གྱིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྩ་བའི་ཆ་ནས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། 2014ལོར་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལས་འཛོལ་ཐོན་གྲངས་དང་མི་ཤི་གྲངས་ཀྱང་མུ་མཐུད་དམའ་རུ་ཕྱིན་ཞིང་། ས་ཁུལ་མང་ཆེ་བ་དང་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་རྣམ་པ་ཡང་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད། ཡིན་ན་ཡང་མིག་སྔའི་བདེ་འཇགས་ཐོན་སྐྱེད་རྣམ་པ་སྔར་བཞིན་ཛ་དྲག་པོ་ཡོད་དེ། ལས་འཛོལ་ཅུང་མང་པོ་ཐོན་པ་དང་ལྷག་པར་དུ་ཉེ་ཆར་ལས་འཛོལ་ཚབས་ཆེན་དུ་མ་དང་མང་ཚོགས་རྡོག་རྫིས་ཐེབས་པའི་དོན་རྐྱེན་བསྟུད་མར་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། མིག་སྔའི་བདེ་འཇགས་ཐོན་སྐྱེད་དང་མི་མང་འདུ་ཚོགས་ཀྱི་བདེ་འཇགས་དོ་དམ་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ཛ་དྲག་བརྡ་ཐོའི་བླང་བྱ་ལྟར་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཞིབ་བཤེར་ཆེ་མོ་སྒྲིག་འཛུགས་དང་། ཁྲིམས་འགལ་སྒྲིག་འགལ་རྡུང་རྡེག་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་དང་ཉེན་ཁ་སྔོན་འགོག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། དཔྱིད་གསར་སྐྱེལ་འདྲེན་སྐོར་གྱི་སྒྲིག་འཛུགས་དང་། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས། མེ་ཟོན་བདེ་འཇགས་དོ་དམ་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཡག་པོ་བྱེད་པ། འཕྲལ་སྡོམ་གྲ་སྒྲིག་ཤུགས་ཆེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལོ་རྙིང་པའི་ལོ་མཇུག་དང་ལོ་གསར་པའི་ལོ་འགོའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། 2015ལོར་དམར་ཐིག་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས“ཏང་ཨུད་དང་སྲིད་གཞུང་གིས་འགན་མཉམ་འཁུར་དང་། ལས་གནས་གཅིག་གིས་འགན་གཉིས་འཁུར། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ”བཅས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས།《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》གསར་པ་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གཞི་རིམ་གྱི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་སྟོབས་ཤུགས་ཆེར་གཏོང་། ལས་འཛོལ་ཞིབ་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་བཅས་གཏོང་དགོས། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱེད་ཚད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སོལ་གཏེར་གྱི་རྩ་བཅོས་འགག་སྒྲོལ་དང་ལེགས་སྒྲིག་སྒོ་རྒྱག་བྱེད་རྒྱུ་དམ་འཛིན་དང་། སྣུམ་རླངས་སྐྱེལ་འདྲེན་སྦུག་ལམ་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། བདེ་འཇགས་རྨང་གཞི་བརྟན་དུ་བཏང་ནས་ཁེ་ལས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་མུ་མཐུད་བྱེད་པ་དང་། བདེ་འཇགས་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན། ཚན་རྩལ་དང་མ་དངུལ་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྒྱུར་བཅོས་གསར་གཏོད་བྱེད་ཚད་མུ་མཐུད་ཟབ་ཏུ་བཏང་ནས་བདེ་འཇགས་ལྟ་སྐུལ་དོ་དམ་སྐོར་གྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།