འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་པ་དང་སྦྲགས་མཚོ་སྔོན་གྱི་ཡུལ་སྐོར་
    ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《མཚོ་སྔོན་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་རྗེས་ང་ཚོ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པར་ཞོགས་པ་ཐོན་ནས་དགོང་དྲོ་ཕྱིར་ལོག་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཝང་ཀོན་དང་བཅས་པ་མི་ལྔ་པོས་དེ་ཉིན་ཞོགས་པའི་ཆུ་ཚོད་8དང་སྐར་མ་25ཡི་ཐོག་ལན་ཀྲོའུ་ནས་ཐོན་ཏེ་མྱུར་བགྲོད་ལྕགས་ལམ་ཐོག་ཆུ་ཚོད་1དང་སྐར་མ་25ཙམ་བསྐྱོད་རྗེས་ཟི་ལིང་དུ་འབྱོར། དུས་ཡུན་ཉིན་གཅིག་ནང་ཁོང་ཚོས་སྐུ་འབུམ་བྱམས་པ་གླིང་དུ་ཕྱིན་པ་མ་ཟད། ད་དུང་ཟི་ལིང་གི་ཚོང་ར་ཆེན་པོར་བསྐྱོད་དེ་མཚོ་སྔོན་གྱི་ཚགས་ཤ་སྐམ་པོ་དང་འདྲེ་ཚེར་མ་སོགས་ཁྱད་ལྡན་ཐོན་ཟོག་མང་པོ་ཞིག་ཉོས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་གུང་གསེང་དང་པོ་དེར་མྱུར་བགྲོད་ལྕགས་ལམ་བསྡད་དེ་ཀན་སུའུ་ལན་ཀྲོའུ་དང་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་ནས་མཚོ་སྔོན་བར་གྱི་ལམ་ཐིག་ཏུ་ཉིན་གཅིག་གི་ཡུལ་སྐོར་དང་ཉིན་གསུམ་གྱི་ཡུལ་སྐོར་བྱེད་མཁན་དང་། མཚོ་སྔོན་བས་མྱུར་བགྲོད་ལྕགས་ལམ་བརྒྱུད་ཞིང་ཆེན་ནས་ཐོན་ཏེ་ཡུལ་སྐོར་བྱེད་པ་དང་ཞིང་ཆེན་དེའི་ནང་གི་ས་ཚིགས་ཁ་ཤས་ཐོག་ལམ་ཐག་ཐུང་བའི་ཡུལ་སྐོར་དུ་འགྲོ་མཁན་གྱིས་ཁེངས་ཡོད།
         2014ལོའི་ཟླ་12ཚེས་26ཉིན་ཤིན་ཅང་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་དུ་འཕྲེད་བརྒལ་བྱེད་པའི་ལན་ཤིན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་པ་དེ་ནི་ཀྲུང་གོའི་ས་མཐོ་དང་། ས་བབ་མཐོ་བ། བྱེ་ཐང་བཅས་ས་ཁུལ་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་དང་པོ་དེ་ཡིན་པ་མ་ཟད། འཛམ་གླིང་ཐོག་བསྐྲུན་ཐེངས་གཅིག་གི་ལམ་ཐག་རིང་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་ཞིག་ཀྱང་རེད།
         མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་དེ་སྔ་མཚོ་སྔོན་གྱི་ཡུལ་སྐོར་ལས་དོན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་པ་དང་། 2007ལོར་མཚོ་སྔོན་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1000ལས་བརྒལ་བ་རེད།
         “ལན་ཤིན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་ནས་མཚོ་སྔོན་གྱི་འགྲུལ་ཁུངས་ཁྲོམ་རར་གྲུབ་ཆའི་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་འགྲོ་བར་སྐུལ་མ་ཐེབས་རྒྱུ་རེད”མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་འགན་ཁུར་བས་མཚོ་སྔོན་ནི་ལན་ཤིན་མྱུར་བགྲོད་ལམ་ཐིག་ཐོག་གི་ཞིང་ཆེན་གལ་ཆེན་ཞིག་ཡིན་པ་དང་གསར་དུ་སྐྲུན་པའི་ཟི་ལིང་མེ་འཁོར་བབས་ཚུགས་ནི་མཚོ་བོད་ས་མཐོའི་འགྲིམ་འགྲུལ་འགག་གནད་ཆེ་ཤོས་ཡིན་ཞིང་། ལམ་ཐིག་གཅིག་དང་ས་ཚིགས་གཅིག་ཟུང་འབྲེལ་ཡག་པོ་བྱས་པ་དེས་མཚོ་སྔོན་ཡུལ་སྐོར་གྱི་འགྲིམ་འགྲུལ་འཇུར་མིག་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ་རེད་ཅེས་བཤད། སྔོན་དཔག་བྱས་ན། སླད་ཕྱིན་མཚོ་སྔོན་ནས་ལམ་ཐག་སྤྱི་ལེ་1000ནང་ཚུན་དུ་ཡུལ་སྐོར་བྱེད་མཁན་ནམ་ཡང་ན་ཚོང་དོན་མི་སྣ་ཕལ་ཆེ་བས་མྱུར་བགྲོད་ལྕགས་ལམ་གདམ་ག་བྱེད་པ་མ་ཟད་མྱུར་བགྲོད་ལྕགས་ལམ་ཐོག་འཁོར་རིགས་འགྲོ་འོང་བྱེད་ཚད་མང་བས་དེ་ནི་ཡུལ་སྐོར་དུ་འགྲོ་བའི་འགྲིམ་འགྲུལ་ཡོ་ཆས་གསར་པ་ཞིག་ཏུ་གྱུར་ངེས་རེད།
         “མྱུར་བགྲོད་ལྕགས་ལམ་དེ་ནི་མཚོ་བྱང་གི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་གྱུར་རྒྱུ་རེད”མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་སྐོར་ཅུས་ཀྱིས་རྨ་ནུབ་བར་ཁྱམས་ནས་མཚོ་བྱང་བར་ཡུལ་སྐོར་བ་ལོ་ལྟར་མི་ཐེངས་ཁྲི་60ཡན་ཟིན་པ་དང་། ཤུགས་འགྲེམས་མེ་འཁོར་ཤར་གཏོང་བྱས་པ་ནས་བཟུང་མོན་ཡོན་གྱི་མེ་ཏོག་གླིང་ལ་ཡུལ་སྐོར་བྱ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ཆུ་ལེན་གྱི་མཛེས་ལྗོངས་ལ་ཡུལ་སྐོར་བྱ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལན་ཤིན་མྱུར་བགྲོད་ལྕགས་ལམ་དེ་མཚོ་སྔོན་གྱི་བབས་ཚུགས་དང་པོ་བཀའ་མ་ལོག་ནས་ལྟེ་བའི་གྲོང་ཁྱེར་ཟི་ལིང་བར་བསྐྱོད་ཡུན་སྐར་མ་49ཡིན་པ་དང་ཟི་ལིང་ནས་མཚོ་སྔོན་ས་མཚམས་ནང་གི་མཐའ་མའི་བབས་ཚུགས་མོན་ཡོན་བར་བསྐྱོད་ཡུན་སྐར་མ་41ཡིན་པར་བརྟེན་ཡུལ་སྐོར་བའི་ལམ་བར་གྱི་དུས་ཚོད་ཐུང་དུ་ཆེས་ཆེར་སོང་ནས་ཡུལ་སྐོར་གྱི་དུས་ཚོད་རིང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།