འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྒྱང་རྒྱུག་འབྲིང་གྲས་རུ་ཁག་ཨེ་ཙེ་ཨོ་ཕི་ཡར་སྦྱོང་བརྡར་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཆ་བོད་ལྗོངས་ཀྱི་རྒྱང་རྒྱུག་འབྲིང་གྲས་རུ་ཁག་ལྷ་ས་ནས་རྡོག་ཐོན་གྱིས་པེ་ཅིང་དུ་བསྐྱོད་ནས་མི་རིང་བར་རྒྱལ་ཁབ་ཀྱི་རུ་ཁག་དང་མཉམ་དུ་ཟླ་1ཚེས་5ནས་ཟླ་5ཚེས་5ཉིན་བར་ཨེ་ཙེ་ཨོ་ཕི་ཡར་སྦྱོང་བརྡར་བྱེད་པར་འགྲོ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བོད་ལྗོངས་ནས་ཨེ་ཙེ་ཨོ་ཕི་ཡར་སྦྱོང་བརྡར་བྱེད་པར་སྐྱོད་མཁན་ལུས་རྩལ་པ་10དང་རྩལ་སྟོན་པ་1ཡོད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ལུས་རྩལ་པ་དང་རྩལ་སྟོན་པར་སྐུལ་སློང་ཚོགས་ཆེན་འཚོགས་ནས་སྦྱོང་བརྡར་ནང་ཞུགས་མཁན་རྣམས་ལ་གོ་སྐབས་དམ་དུ་བཟུང་སྟེ་དཀའ་སྤྱད་ཀྱིས་སྦྱོང་བརྡར་བྱེད་དགོས་པ་དང་། ཚོགས་པའི་མཐུན་སྒྲིལ་གཞོགས་འདེགས་ལ་མཐོང་ཆེན་གྱིས་མཉམ་དུ་ཡར་རྒྱས་ཡོང་བ་བྱེད་པ་དང་ཆབས་ཅིག  བདེ་འཇགས་གཟབ་ནན་གྱིས་སྐྱོན་ཆག་མི་ཡོང་བ་དགོས་པའི་བླང་བྱ་བཏོན་པར་ལུས་རྩལ་པ་དང་རྩལ་སྟོན་པས་སྒྲིག་ལམ་ནན་པོ་བསྲུངས་ཏེ་སྤྲོ་བ་རབ་འཕེལ་སྒོ་ནས་སྦྱོང་བརྡར་ལེགས་པར་བྱས་ཏེ་བོད་དང་མེས་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཡོང་བར་རང་ནུས་གང་ཡོད་འདོན་རྒྱུ་ཡིན་ལུགས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།