འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་
    ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་49པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་49པ་འཚོགས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲུན་ལའེ་དང་། ཝུའུ་ཅིན་ཧུའེ། འོད་ཟེར། ལེ་ཏ་ཁེ་བཅས་དང་། དྲུང་ཆེ་ཏོན་ཤང་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
          ཚོགས་འདུའི་ཐོག་གོ་གནས་བསྐོ་འཐེན་གྱི་འབྲེལ་ཡོད་དོན་དག་ལ་ཞིབ་དཔྱད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་འདེམས་བསྐོའི་བྱ་ཐབས(འཆར་ཟིན)དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོ(འཆར་ཟིན)དང་དྲུང་ཆེ་གཞོན་པའི་མཚན་ཐོ(འཆར་ཟིན)རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་མཚན་ཐོ(འཆར་ཟིན)དང་ལག་བསྟར་ཀྲུའུ་ཞིའི་ཚོགས་ཆུང་ཁག་བགོས་ཀྱི་མཚན་ཐོ(འཆར་ཟིན)ཟུར་ཞུགས་མི་སྣའི་མཚན་ཐོ(འཆར་ཟིན)གྲོས་གཞིར་བརྡས་ཐག་གཅོད་ཐབས(འཆར་ཟིན)གྲོས་གཞིའི་དུས་བཅད་དུས་ཚོད་ཀྱི་གཏན་འབེབས(འཆར་ཟིན)བཅས་ལ་ཞིབ་འཇུག་བྱས་པ་དང་གོ་རིམ་གཞིར་བཟུང་སྙན་སེང་ཆོག་མཆན་ཐོབ་རྗེས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་ཞིབ་དང་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)དང་དེ་བཞིན་ཉིན་རེའི་གྲོས་རིམ་འཆར་ཟིན་དང་ལས་ཀའི་ཉིན་རེའི་གྲོས་རིམ་ལ་ཞིབ་འཇུག་བྱས་ནས་ཚོགས་ཆེན་གྱི་ཉིན་རེའི་གྲོས་རིམ་འཆར་ཟིན་དེ་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་དང་། ཚོགས་ཆེན་གྱི་ཉིན་རེའི་གྲོས་རིམ་འཆར་ཟིན་དེ་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུ། ཚོགས་འདུའི་ཉིན་རེའི་ལས་ཀའི་གྲོས་རིམ(མ་ཟིན)དེ་འཐུས་མི་ཚོགས་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ལ་པར་འགྲེམས་བྱ་རྒྱུ་བཅས་ཀྱི་མོས་མཐུན་བྱས་པ་རེད། 
           ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་དང་བླངས་ཞབས་ཞུའི་སྲོལ་ཡིག(འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱི་ཐོག་འགོག་དང་གནོད་འཚེ་ཆུང་གཏོང་སྲོལ་ཡིག(འཆར་ཟིན)》 《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དོ་དམ་སྲོལ་ཡིག(འཆར་ཟིན)》བཅས་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། གོང་གསལ་གྱི་ཁྲིམས་སྲོལ་འཆར་ཟིན་ཁག་གསུམ་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཟིན་དེ་བས་དོན་དངོས་དང་མཐུན་པ་དང་། བཀོལ་སྤྱོད་རང་བཞིན་ཆེ་བ། ཅུང་ཚགས་ཚུད་པ་བཅས་ཡོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་ཡོད་པའི་ངོས་འཛིན་བྱས་པ་རེད། ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མིས་བཏོན་པའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་སྙན་ཞུ་དང་། མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མིས་བཏོན་པའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་སྒྲུབ་གཉེར་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་གསན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་ཤིང་། སྒྲུབ་གཉེར་ཚན་པ་ཁག་ལ་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། སྒྲུབ་གཉེར་གོ་རིམ་ཚད་ལྡན་དུ་གཏོང་བ། སྒྲུབ་རྒྱུར་ལྟ་སྐུལ་དང་དོན་འཁྱོལ་ལ་མངོན་གསལ་དོད་པོས་དམ་འཛིན་བྱེད་པ། སྒྲུབ་གཉེར་དང་ལན་རྒྱག་པའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ། སྒྲུབ་གཉེར་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་གྱི་ལས་དོན་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་གྱི་གཙོ་གནད་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད། 
          ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2015ལོའི་ལས་དོན་གྱི་གཙོ་གནད་དང་། ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི། ལྟ་སྐུལ་ལས་དོན་གྱི་འཆར་གཞི་བཅས་ལ་ཞིབ་འཇུག་བྱས་པ་དང་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་རྗེས་འཐུས་མིའི་ཚོགས་ཆེན་རྗེས་ཀྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱ་རྒྱུར་འབུལ་དགོས་པའི་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། མི་རིགས་ཆོས་ལུགས་དང་ཕྱི་དོན་དང་ཕྱི་ཁོངས་ཀྲུང་གོ་བའི་ལས་དོན་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ཡོན་ལྷན་ཁང་། འཐུས་མིའི་མི་དོན་འདེམས་བསྐོའི་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་2014ལོའི་ལས་དོན་ཕྱོགས་སྡོམ་དང་2015ལོའི་ལས་དོན་གྱི་གཙོ་གནད་གསན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།