འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གློག་འཕྲིན་བཏང་ནས་གཞིས་རྩེ་ས་ཁུལ་
    གྲོང་ཁྱེར་དུ་སྒྱུར་བར་རྟེན་འབྲེལ་ཞུས་པ་རེད།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 08:01】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གློག་འཕྲིན་བཏང་སྟེ་གཞིས་རྩེ་ས་ཁུལ་གྲོང་ཁྱེར་དུ་སྒྱུར་བར་རྟེན་འབྲེལ་ཞུས་པ་རེད།
          པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་རྟེན་འབྲེལ་གློག་འཕྲིན་ནང་གཞིས་རྩེ་ས་ཁུལ་གྲོང་ཁྱེར་དུ་སྒྱུར་བའི་རྟེན་འབྲེལ་ཚོགས་ཆེན་འཚོགས་པའི་གནས་ཚུལ་ཐོས་པར་དགའ་ཚོར་ཆེན་པོ་སྐྱེས་བྱུང་བས་ཆེད་མངགས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ས་ཁུལ་གྲོང་ཁྱེར་དུ་སྒྱུར་བ་དེས་གཞིས་རྩེའི་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་འགོ་ཚུགས་པ་མཚོན་ཡོད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་འོག་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་གོ་སྐབས་བཟང་པོ་དམ་འཛིན་གྱིས་གཟི་བརྗིད་གསར་པ་གཏོད་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། ཕ་ཡུལ་གཞིས་རྩེ་དེ་བས་མཛེས་སྡུག་ལྡན་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་ཉིན་མཚན་ཀུན་ཏུ་བཀྲ་ཤིས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།