འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་མི་རིགས་ལུས་རྩལ་རྣམ་གྲངས་ཁྱབ་གདལ་
    གཏོང་བའི་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་མི་རིགས་ལུས་རྩལ་རྣམ་གྲངས་ཁྱབ་གདལ་གཏོང་བའི་ཚོགས་ཆེན་དེ་ཚེས་༢༠ཉིན་པེ་ཅིང་དུ་འཚོགས་པ་དང་ད་ཐེངས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཐེ་པེད་དང་ཐག་མཆོང་རེད།
         ཐེ་པེད་དང་ཐག་མཆོང་དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནི་བདེ་ཐང་དང་། ཡ་རབས། སྟབས་བདེ། ལས་སླ་བ། ཡུལ་དང་ལོ་ཚད་ཀྱི་ཚད་བཀག་མེད་པ། བདེ་འཇགས་དང་སྤེལ་བདེ་བ་བཅས་ཀྱི་ལུས་རྩལ་བྱེད་སྒོ་ཞིག་རེད།
         ད་ཐེངས་ཀྱི་ཁྱབ་གདལ་ཚོགས་འདུར་ཞུགས་མཁན་གྱི་གྲས་སུ་རྒྱལ་ཡོངས་ཀྱི་སློབ་གྲྭ་བརྒྱ་ཙམ་གྱི་ལུས་རྩལ་རྐང་འཛིན་པ་དང་། བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་དང་དེ་བཞིན་ཁྱིམ་བདག སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ། ཁེ་ལས་བྱ་གཞག་ཚན་པ། གཞི་རིམ་སྡེ་ཁུལ་བཅས་ཀྱི་ཐེ་པེད་དང་ཐག་མཆོང་ལ་དགའ་པོ་ཡོད་མཁན་མི་གྲངས་༥༠༠ཙམ་ཞུགས་ཡོད་པ་རེད།
         པེ་ཅིང་དགེ་འོས་སློབ་ཆེན་ལུས་རྩལ་སློབ་གླིང་གི་ཡོའན་ཀྲང་མའོ་ཀྲེན་མིང་གིས་ས་གནས་ས་ཐོག་ཏུ་གཏམ་བཤད་སྤེལ་ནས་ཐེ་པེད་དང་ཐག་མཆོང་རྣམས་གྲངས་ཀྱི་སྲོལ་རྒྱུན་མི་རིགས་ལུས་རྩལ་བྱེད་སྒོའི་མདུན་ལམ་བཟང་པོ་བརྒྱུད་སྤྲོད་བྱས་པ་རེད། པེ་ཅིང་ཐེ་པེད་དང་ཐག་མཆོང་ལུས་རྩལ་མཐུན་ཚོགས་ཀྱི་དྲུང་ཆེ་ཧྲི་ཡན་ཧྥང་གིས“ཐེ་པེད་དང་ཐག་མཆོང་ལུས་རྩལ་གྱི་དཔེ་སྟོན་བུ་བཅོལ་ཁང”གི་སྒོ་བྱང་དེ་ཁྲུང་ཝུན་ཆུས་ཀྱི་བུ་བཅོལ་ཁང་གསུམ་པར་སྤྲད་དེ་བུ་བཅོལ་ཁང་དང་སློབ་གྲྭ་སྔར་བས་མང་བ་ཐེ་པེད་དང་ཐག་མཆོང་གི་ལུས་རྩལ་ཁྲོད་ཞུགས་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་རེད། ཁོང་རྣམ་གཉིས་ཀྱིས་ད་དུང“ཚེ་གང་ལེགས་སྐྱེས་བྱ་དགའ”དེ་རྒན་རྒོན་ལིའུ་ཤིན་ལོན་དང་ཝང་ཧྲོའུ་ཀྲུང་ལ་སྤྲད་དེ་ཁོང་ཚོས་དུས་ཡུན་རིང་པོའི་ནང་ཐེ་པེད་དང་ཐག་མཆོང་ཐད་ལེགས་སྐྱེས་ཕུལ་བར་ལྕག་སྐུལ་བྱས་པ་རེད།
         ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ཚོགས་པའི་ཉམས་ལེན་པའི་ཐེབས་རྩ་དང་། ཀྲུང་གོ་ལོ་ཆུང་བྱིས་པའི་ཐེབས་རྩ་ཚོགས་པའི་བློ་གྲོས་གསོ་སྐྱོང་ཐེབས་རྩ། རྒྱལ་ཡོངས་སློབ་གྲྭའི་ལུས་རྩལ་མནའ་འབྲེལ། ཧྭ་ཨའོ་ཤིན་ཁུང་། ཤིན་ལང་ལུས་རྩལ། པེ་ཅིང་དཔལ་འབྱོར་གསར་སྤེལ་ཁུལ་སྤྱི་ཁྱབ་བཟོ་ཚོགས། པེ་ཅིང་ཐེ་པེད་དང་ཐག་མཆོང་ལུས་རྩལ་མཐུན་ཚོགས་བཅས་ཚན་པ་བདུན་གྱིས་མཉམ་འབྲེལ་ཐོག་གཉེར་བ་རེད།
         གོང་གསལ་ཚན་པས་གྲོས་འགོ་བཏོན་དོན། སྤྱི་ཚོགས་ཡོངས་ཀྱིས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ལ་ཐུན་མོང་ཐོག་དོ་ཁུར་བྱེད་པ་དང་། མི་སེར་གྱི་བདེ་ཐང་ལ་དོ་ཁུར་བྱེད་པ། བདེ་ཐང་གི་འདུ་ཤེས་དང་ཚེ་གང་གི་ལུས་རྩལ་འདུ་ཤེས་ཁྱབ་གདལ་གཏོང་བ། ཐེ་པེད་དང་ཐག་མཆོང་གི་ལུས་རྩལ་རིན་ཐང་ལ་ངོས་འཛིན་གང་ལེགས་བྱེད་པ་མ་ཟད། ཐེ་པེད་དང་ཐག་མཆོང་གི་ལུས་རྩལ་ཁྲོད་ཧུར་ཐག་ཞུགས་ཏེ་ཀྲུང་ཧྭ་ཡི་ལུས་རྩལ་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ལུས་རྩལ་རྒྱུན་འཛིན་བཅས་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།