འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་དངོས་སུ་གཉེར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱིས་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་དངོས་སུ་གཉེར་འགོ་ཚུགས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ཡུལ་སྐོར་དུས་ཚིགས་སུ་གཙོ་བོ“ངོ་མཚར་ཆེ་བའི་གངས་འཁྱགས”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་ས་མཐོའི་དགུན་དུས་ཀྱི་གྲང་ངར་ཆེ་བའི་གནམ་གཤིས་ལ་དམིགས་ནས་ཡུལ་སྐོར་ཐོན་རྫས་དཔེར་ན། གསེར་ཐང་དངུལ་ཐང་གི་འཁྱག་ཐོག་དགའ་ཚལ་དང་ཡའོ་ཙེ་ལུང་ཤུར་གྱི་གངས་འཁྱག་དུས་ཚིགས་སོགས་གསར་སྤེལ་བྱ་རྒྱུ་ཡིན་ཞིང་། གངས་འཁྱག་རོལ་རྩེད་ཉམས་སུ་མྱོང་བའི་བྱེད་སྒོ་དེ་མཚོ་སྔོན་གྱི་དགུན་དཔྱིད་ཡུལ་སྐོར་ཐོན་རྫས་གཙོ་བོར་བཏོད་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་བཀུག་རྒྱུ་ཡིན་པ་རེད།
         དེ་དང་ཆབས་ཅིག་སྐབས་འདིའི་དགུན་དཔྱིད་ཡུལ་སྐོར་དུས་ཚིགས་བྱེད་སྒོས་ད་དུང་ཐང་ཕྱིའི་ལུས་སྦྱོང་དང་ཟུང་འབྲེལ་བྱས་ནས་རྐང་ཐང་མར་གངས་འཁྱག་སྒྲོལ་བའི་ལུས་རྩལ་ཡུལ་སྐོར་རྣམ་གྲངས་ཁག་གཅིག་སྤེལ་རྒྱུ་དང་། ས་གནས་དེ་གའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཟུང་འབྲེལ་གྱིས“མངོན་མིན་རིག་གནས་ཤུལ་བཞག”གི་ཆོས་ལུགས་གསང་མྱུལ་ཡུལ་སྐོར་དང་། དམངས་སྲོལ་དང་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བའི་ཡུལ་སྐོར། ས་མཐོའི་ཉམས་འགྱུར་ལྡན་པའི་པར་ལེན་ཡུལ་སྐོར། དཔྱིད་གསར་དུས་ཆེན་དགའ་གཏོང་ཡུལ་སྐོར་སོགས་ཁྱོན་རིགས་ཆེ་གྲས་༩ཡི་བྱེད་སྒོ་ཁག་༥༦སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།