མི་དམངས་དྲ་བ།

༄༅།།ཀྲང་ཀའོ་ལི་ཡིས་རང་རྟོགས་ངང་ལྗང་མདོག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་
མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱ་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལི་པེ་ཅིན་དུ་ཀྲུང་གོའི་ ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་2014ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
      ཀྲང་ཀའོ་ལི་ཡིས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གཞི་རྩའི་རྒྱལ་ཇུས་སུ་གཏན་འབེབས་བརྟན་པོར་བྱས་ཏེ་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་དུ་བསྟར་བ་དང་། སྣོད་བཅུད་དཔལ་ཡོན་དར་སྤེལ་གཏོང་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱི་ཡོངས་བཀོད་སྒྲིག་ནང་དུ་བཅུག་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྣོད་བཅུད་ཁོར་ཡུག་བཟང་པོ་ནི་སྤྱི་པའི་ཐོན་རྫས་ཆེས་དྲང་ཞིང་ཉེ་རིང་མེད་པ་དང་། དམངས་འཚོའི་ཕན་བདེ་ཆེས་ཡོངས་སུ་ཁྱབ་པ་ཡིན་པས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱས་པ་ཡིན་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཡིན་ལ། སྣོད་བཅུད་དཔལ་ཡོན་དར་བའི་དུས་རབས་གསར་པའི་ཕྱོགས་སུ་བསྐྱོད་རྒྱུ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་བྱ་རྒྱུའི་ནང་དོན་གལ་ཆེན་ཡིན་ཞེས་ནན་བཤད་གནང་ཡོད་ཅེས་གསུངས་པ་རེད།