འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་རིག་གནས་པུའུ་ཀྲང་ཚོགས་འདུ་
    ཐེངས་དྲུག་པ་རི་པིན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་རིག་གནས་པུའུ་ཀྲང་ཚོགས་འདུ་ཐེངས་དྲུག་པ་དེ་ཟླ་༡༡ཚེས་29དང་30ཉིན་རི་པིན་རྒྱལ་ཁབ་ཀྱི་ཧེང་པིན་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོའི་རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཀྲི་ཅིན་དང་། རི་པིན་རིག་གནས་ཚན་རིག་བློན་ཆེན་ཞ་ཚུན་པོ་ཝུན། ཧན་གོ་རིག་གནས་ལུས་རྩལ་ལྟ་སྐོར་པུའི་པུའུ་ཀྲང་ཅིན་ཀྲུང་ཏེ་བཅས་ཚོགས་འདུར་ཕེབས་པ་དང་འབྲེལ་ལྷན་དུ་<<ཧེང་པིན་གྱི་ཐུན་མོང་ཡིག་ཆ་>>ལ་མཚན་རྟགས་བཀོད་པ་རེད།
         ཚོགས་འདུའི་ཐོག་དབྱང་ཀྲི་ཅིན་གྱིས་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་རིག་གནས་པུའུ་ཀྲང་ཚོགས་འདུའི་ལམ་སྲོལ་བཙུགས་ནས་ལོ་དྲུག་སོང་རིང་ཕྱོགས་གསུམ་པོས“ཞི་བདེ་མཛའ་གྲོགས་དང་། འདྲ་མཉམ་གཉིས་ཕན། མཉམ་ལས་གཏིང་ཟབ། ཐུན་མོང་གོང་འཕེལ”བཅས་ཀྱི་ཚོགས་འདུའི་དམིགས་ཡུལ་དང་དགོངས་དོན་གྱི་ནང་དོན་ལ་གཞིགས་ནས་རྒྱུན་ཆད་མེད་པར་རིག་གནས་ཁྱབ་ཁོངས་སུ་འཐབ་ཇུས་རང་བཞིན་གྱི་གླེང་མོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་བསམ་བློ་སྤེལ་རེས་དང་མཉམ་འདྲེས་ཐད་མཉམ་ལས་གཏིང་ཟབ་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག་ཁོང་གིས་མིག་སྔའི་དམིགས་བསལ་གྱི་དུས་བབ་འོག་རྒྱལ་ཁབ་གསུམ་པོའི་རིག་གནས་དོ་དམ་སྡེ་ཚན་གཙོ་བོར་རིག་གནས་ཐད་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོགས་གནད་སེལ་བའི་ནུས་པ་འདོན་སྤེལ་གྱིས་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་འགན་འཁྲི་དང་འོས་འགན་ཡོད་ཅེས་བཤད་པ་རེད།
         ཞ་ཚུན་པོ་ཝུན་དང་ཅིན་ཀྲུང་ཏེ་གཉིས་ཀྱིས་ཚོགས་འདུའི་ཐོག་སྔར་ལས་ལྷག་པའི་ངང་རྒྱལ་ཁབ་གསུམ་པོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕྱོགས་གསུམ་པོའི་རིག་གནས་མཉམ་ལས་དེ་བས་སྐྱོན་བྲལ་དང་དམ་པ་དོན་གཉེར་གྱི་ཕྱོགས་སུ་གོང་འཕེལ་འགྲོ་བ་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།