འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོ་ནས་འགྲོ་འོང་བྱེད་པའི་མེ་འཁོར་མང་པོ་ཞིག་གི་མྱུར་ཚད་
    མགྱོགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་ཀུང་སིས་ཟླ་༡༢ཚེས་༡༠ཉིན་ནས་བཟུང་རྒྱལ་ཡོངས་སུ་མེ་འཁོར་འཁོར་སྐྱོད་འཆར་གཞི་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པ་དང་བསྟུན་ནས་མཚོ་བོད་ས་མཐོ་ནས་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་མེ་འཁོར་མང་པོ་ཞིག་གི་མྱུར་ཚད་ཀྱང་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།
         མེ་འཁོར་འཁོར་སྐྱོད་འཆར་གཞི་གསར་པ་ལག་ལེན་བསྟར་རྗེས་ཟི་ལིང་ནུབ་ཚུགས་ནས་པེ་ཅིང་ནུབ་ཚུགས་བར་སྐྱོད་པའི་མེ་འཁོར་ཨང་རྟགས་T༡༥༢ཐད་ཀར་སྐྱོད་པའི་འགྲུལ་སྐྱེལ་མེ་འཁོར་ཨང་རྟགས་Z༡༥༢ལ་བསྒྱུར་ནས་ཏིང་ཀྲོའུ་དང་། ཧན་ཏན། པའོ་ཅི་བབས་ཚུགས་སུ་སྡོད་རྒྱུ་མེད་པ་བཟོ་རྒྱུ་ཡིན་པ་དེས་སྔོན་མ་ལས་ཆུ་ཚོད་༢ཡས་མས་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
         གཞན་ཡང་། ཟི་ལིང་ནུབ་ཚུགས་ནས་པེ་ཅིང་ནུབ་ཚུགས་བར་སྐྱོད་པའི་མེ་འཁོར་ཨང་རྟགས་T༡༧༦སྔོན་མ་ལས་ཆུ་ཚོད་༡དང་སྐར་མ་༢༠ཡས་མས་ཐུང་དུ་འགྲོ་རྒྱུ་དང་། ལྷ་ས་ནས་པེ་ཅིང་ནུབ་ཚུགས་བར་གྱི་མེ་འཁོར་སྔོན་མ་ལས་ཆུ་ཚོད་༡དང་སྐར་མ་༣༠ཡས་མས་ཐུང་དུ་འགྲོ་རྒྱུ། ལན་ཀྲོའུ་ནས་ལྷ་ས་བར་གྱི་མེ་འཁོར་ཨང་རྟགས་Z༩༡༨སྔོན་མ་ལས་ཆུ་ཚོད་༡དང་སྐར་མ་༡༥ཐུང་དུ་འགྲོ་རྒྱུ་ཡིན་པ། ཟི་ལིང་ནུབ་ཚུགས་ནས་ཁྲེང་ཏུའུ་བར་གྱི་མེ་འཁོར་K༡༠༦༠/༥༧སྔོན་མ་ལས་་སྐར་མ་༣༧ཡས་མས་ཐུང་དུ་འགྲོ་རྒྱུ། པེ་ཅིང་ནུབ་ཚུགས་ནས་ལྷ་ས་བར་གྱི་མེ་འཁོར་Z༢༡སྔོན་མ་ལས་སྐར་མ་༢༠ཐུང་དུ་འགྲོ་རྒྱུ་ཡིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།