འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༥ལོ་འཁོར་གྱི་རྒྱལ་ཁབ་སྡེ་ཚན་གྱི་གཞུང་ལས་པའི་ཡིག་རྒྱུགས་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༣༠ཉིན་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་གཞུང་ལས་པ་བསྡུ་བའི་ཡིག་རྒྱུགས་ཀྱི་སྤྱི་པའི་སློབ་ཚན་ཡིག་རྒྱུགས་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)༣༡གི་གྲོང་ཁྱེར་༤༦གི་རྒྱུགས་ལེན་ས་ཚིགས་༩༠༠ལྷག་ཙམ་དུ་དུས་གཅིག་ཏུ་བཏང་བ་དང་། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞི་དང་དེ་བཞིན་གཞུང་ལས་པའི་བཅའ་ཁྲིམས་གཞིར་བཟུང་དོ་དམ་བྱེད་པའི་བྱ་གཞག་ཚན་པས་མི་ཁྲི་༢.༢བསྡུ་རྒྱུའི་འཆར་གཞི་ཡོད་པ་རེད། བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཡིག་རྒྱུགས་ནང་ཁྱོན་མི་ཁྲི་༡༤༡ལ་བསྡུ་ལེན་ལས་ཁུངས་ཀྱི་ཐོབ་ཐང་ཞིབ་བཤེར་བྱས་ཡོད་པ་དང་། མི་ཁྲི་༡༠༥ཡིས་དྲ་ཐོག་དངུལ་འཇལ་བྱས་ནས་ཡིག་རྒྱུགས་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ། མི་ཁྲི་༩༠ཙམ་དངོས་སུ་ཡིག་རྒྱུགས་ནང་ཞུགས་ཡོད་ཅིང་། ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་བསྡུ་ལེན་འཆར་གཞིའི་མི་གྲངས་ཀྱི་བསྡུར་ཚད་ནི་༤༠:༡ཡིན་པ་རེད།
         རྒྱལ་ཁབ་གཞུང་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་བརྗོད་པར་གཞིགས་ན། གོང་ཚེས་ཉིན་རྒྱལ་ཡོངས་སུ་ཁྱོན་མི་ཁྲི་༩ལྷག་ཙམ་གྱིས་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་ཐད་ཀྱི་ཞབས་འདེགས་ཞུས་ཡོད། ས་གནས་ཁག་གི་གཞུང་ལས་པའི་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་དང་སྐུད་མེད་གློག་དོ་དམ་སོགས་སྡེ་ཚན་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཡིག་རྒྱུགས་སྐབས་ཀྱི་གཡོ་ལས་བྱེད་སྤྱོད་སྔོན་འགོག་དང་རྡུང་རྡེག་བཏང་སྟེ་ཡིག་རྒྱུགས་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། མིང་འགོད་རྒྱུགས་སྤྲོད་གནས་ཚུལ་ལ་བལྟས་ཚེ་སྲིད་ཇུས་ཀྱི་ཁྲིད་ཕྱོགས་ཁ་གསལ་པོ་ཡོད་པས་གཞི་རིམ་དང་ཐོནསྐྱེད་ཀྱི་འཐབ་ས་དང་པོར་ལས་ཀའི་ཉམས་མྱོང་ཡོད་པའི་མི་སྣ་འབོར་ཆེན་ཞིག་མིང་འགོད་རྒྱུའི་ཡིད་ཁུག་ཡོད་པ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མས་གཞི་རིམ་གྱི་ལས་དོན་ལ་ཕྱོགས་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པའི་སྲིད་ཇུས་ཀྱང་དོན་འཁྱོལ་ཅུང་ལེགས་པོ་བྱུང་ཡོད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་གཞུང་དྲང་དང་ཡ་རབས་ངང་ཡིག་རྒྱུགས་ནང་ཞུགས་པས་ཡིག་རྒྱུགས་ཀྱི་སྒྲིག་ལམ་བཟང་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།