འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རག་རྒྱལ་སྲུང་པུའུ་ཀྲང་གིས་ཕྱི་རྒྱལ་གྱི་ས་ཐོག་དམག་དཔུང་གང་ཡིན་རུང་དབྱི་རག་
    ནང་འཛུལ་མི་རུང་ཞེས་བསྐྱར་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་19ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༨ཉིན་དབྱི་རག་གི་རྒྱལ་སྲུང་པུའུ་ཀྲང་ཨོ་པེ་ཏི་ཡིས་ཕྱི་རྒྱལ་གྱི་ས་ཐོག་དམག་དཔུང་གང་ཡིན་རུང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་ཞེས་པར་ཁ་གཡར་ནས་དབྱི་རག་ནང་འཛུལ་བར་དབྱི་རག་ཕྱོགས་ཀྱིས་དང་ལེན་མི་བྱེད་ཞེས་ཁྱབ་བསྒྲགས་བྱས་པ་མ་ཟད། དབྱི་རག་དམག་དཔུང་ལ་རྒྱལ་ནང་གི་འཇིགས་སྐུལ་པ་རྩ་མེད་དུ་གཏོང་བའི་ནུས་པ་ཡོད་ཞེས་ནན་བཤད་གནང་ཡོད་པ་རེད།
          ཨོ་པེ་ཏི་ཡིས་ཨ་རི་གཙོ་བྱས་པའི་རྒྱལ་སྤྱི་མནའ་འབྲེལ་ཞེས་པའི་མཁའ་ཐོག་འཇབ་རྒོལ་གྱིས་དབྱི་རག་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་བསྐྱོད་སྒྲིག་འཛུགས་ཀྱི་དམག་དོན་ལྟེ་གནས་མང་པོ་ཞིག་གཏོར་བརླག་བཏང་ཡོད་མོད། ཡིན་ཡང་ནུས་པ་ཆེན་པོ་ཐོབ་པའི་མཁའ་ཐོག་འཇབ་རྒོལ་མང་ཤོས་ནི་དབྱི་རག་མཁའ་དམག་གིས་སྤེལ་བ་ཡིན་ཞེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།