འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་ཞིང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭར་
    དགེ་རྒན་བྱེད་པར་བསྐྱོད་ན་སྲིད་གཞུང་གིས་སློབ་ཡོན་ཁ་གསབ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་19ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཐོ་རིམ་དགེ་འོས་སློབ་གླིང་དང་སློབ་གྲྭའི་སློབ་ཐོན་སློབ་མ་ཞིང་འབྲོག་ཁུལ་དུ་དགེ་རྒན་བྱེད་པར་བསྐྱོད་རྒྱུར་བསྔགས་སྐུལ་བྱ་ཆེད་ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་གཏན་འབེབས་བཏོན་ཞིང་། གཏན་འབེབས་ནང་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མ་ཞིང་འབྲོག་ཁུལ་གྱི་གཞི་རིམ་སློབ་གྲྭར་དགེ་རྒན་བྱེད་པར་བསྐྱོད་ན་སྲིད་གཞུང་གིས་སློབ་ཡོན་ཁ་གསབ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         མཚོ་སྔོན་གྱིས་༢༠༡༤ལོར་ཡོངས་བསྒྲགས་གདན་ཞུ་བྱས་པའམ་ཡང་ན་དམིགས་བསལ་ལས་གནས་འཆར་གཞི་བརྒྱུད་ཞིང་འབྲོག་ཁུལ་གྱི་ཤང་གྲོང་དང་དེ་མན་གྱི་སློབ་གྲྭར་དགེ་རྒན་བྱེད་པར་བསྐྱོད་པ་མ་ཟད། ད་དུང་མི་སྤྱོད་ཚན་པ་དང་ལོ་༨ཡན་གྱི་ཞབས་ཞུའི་གྲོས་མཐུན་ཡི་གེ་བཞག་པའི་དགེ་འོས་སློབ་གྲྭའི་སློབ་ཐོན་སློབ་མར་སྲིད་གཞུང་གིས་མཐོ་རིམ་སློབ་གསོ་དང་ལེན་བྱེད་རིང་གི་སློབ་ཡོན་ཁ་གསབ་བྱ་རྒྱུ་ཡིན་ཞེས་བཏོན་པ་སྟེ། སློབ་ལོ་རེའི་ཁ་གསབ་ཚད་གཞི་མཐོ་ཤོས་ནི་ཆེད་ལས་ཚན་ཁག་དང་དངོས་གཞིའི་ཚན་ཁག་གི་སློབ་མར་སྒོར་༦༠༠༠དང་། ཤེས་རམས་པའི་ཞིབ་འཇུག་སློབ་མར་སྒོར་༨༠༠༠དང་། འབུམ་རམས་པའི་ཞིབ་འཇུག་སློབ་མར་སྒོར་༡༠༠༠༠བཅས་རེད།
         ཁ་ཆད་ལས་འགལ་བའི་གནས་ཚུལ་ཐོན་སྲིད་པར་དམིགས་ཏེ་གཏན་འབེབས་ནང་གཞི་རིམ་སློབ་གྲྭར་ཞབས་འདེགས་ཞུ་བའི་ལོ་ཚད་ལོ་༨ཧྲིལ་པོ་མ་ལོན་པའི་སློབ་ཐོན་སློབ་མར་ཆ་མཚོན་ན་གཙོ་གཉེར་སློབ་གསོ་སྡེ་ཚན་གྱིས་མི་དེའི་ས་ནས་སྤྲད་པའི་བྱ་དགའི་དངུལ་འདེད་ལེན་བྱ་རྒྱུ་དང་འབྲེལ་ལོ་ཕྱི་མའི་གཏོང་སྤྲོད་བྱ་དགའི་དངུལ་ཁྲོད་ནས་འཐེན་འཕྲི་ཡང་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
         མཚོ་བོད་ས་མཐོའི་ཤར་ཕྱོགས་སུ་ཡོད་པའི་མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་བོད་རིགས་འདུས་སྡོད་ཁུལ་ཆེ་གྲས་གཉིས་པ་དེ་རེད། མིག་སྔར་ཞིང་ཆེན་དེ་ཡོངས་སུ་མི་རིགས་སློབ་གྲྭ་འབྲིང་ཆུང་༧༨༠ལྷག་ཙམ་ཡོད་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སྤྱིའི་བསྡོམས་གྲངས་ནང་༤༨%བཟུང་བ་དང་། གྲངས་ཉུང་མི་རིགས་ཀྱི་སློབ་ཕྲུག་ཁྲི་༥༨.༦ཡོད་པ་དེས་སློབ་མ་སྤྱིའི་བསྡོམས་གྲངས་ཀྱི་༥༣%བཟུང་བ། རྒྱ་ཆེའི་གྲོང་གསེབ་དང་འབྲོག་ཁུལ་དང་ལྷག་པར་དུ་ལྷོ་ཕྱོགས་བོད་རིགས་ས་ཁུལ་ནི་ད་བར་དུ་ཞིང་ཆེན་དེ་ཡོངས་ཀྱི་རྨང་གཞིའི་སློབ་གསོ་ཉམས་ཞན་གྱི་ས་ཁུལ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།