འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་སླད་ཕྱིན་ལོ་ལྔའི་ནང་གད་སྙིགས་
    གང་བྱུང་དུ་གཡུག་པའི་གནས་བབ་ལ་འགྱུར་བ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་19ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་18ཉིན་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐོག སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་གྲེན་ཀྲེང་ཀའོ་ཡིས། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ལོ་ལྔ་ཆེད་དོན་བཅོས་སྐྱོང་བྱ་རྒྱུ་ཁྱོན་ཡོངས་ནས་འགོ་ཚུགས་ཡོད་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཚོ་བརྒྱ་ཆ་90ཡི་འཚོ་བའི་གད་སྙིགས་ཐག་གཅོད་ཐུབ་རྒྱུ་ཡིན་ཞིང་། གཞི་རྩའི་ཆ་ནས་གྲོང་གསེབ་ཀྱི་ཁོར་ཡུག་བཙོག་པ་དང་ཟང་ཟིང་ཆེ་བའི་གནས་བབ་ལ་འགྱུར་བ་གཏོང་རྒྱུ་ཡིན་པ་མ་ཟད། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་པའི་ཕུགས་ཕན་སྒྲིག་གཞི་ཆགས་པ་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད། ལོ་ལྔའི་ཆེད་དོན་བཅོས་སྐྱོང་གི་བླང་བྱར་གཞིགས་ན། རིམ་ཁག་ས་གནས་སྲིད་གཞུང་ནི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་པའི་མ་དངུལ་གྲབས་གསོག་བྱེད་མཁན་གཙོ་བོ་ཡིན་པས། ངེས་པར་དུ་བཅོས་སྐྱོང་འགྲོ་གྲོན་དེ་ས་གནས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས། གཅིག་ནས་སྒྲིག་ཆས་འཛུགས་སྐྲུན་གྱི་འགྲོ་གྲོན་འགན་སྲུང་བྱ་རྒྱུ་དང་། གཉིས་ནས་ཁོར་རྒྱུག་འགྲོ་གྲོན་འགན་སྲུང་། གསུམ་ནས་དཀའ་ངལ་ཡོད་པའི་ཤང་གྲོང་དང་གྲོང་ཚོ་མཉམ་སྡེབ། ཞིང་པའི་དུད་ཁྱིམ་བཅས་ལ་ཁ་གསབ་སྤྲད་ནས་མ་མཐའི་འགན་འཁྲི་ཁུར་རྒྱུ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།