འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་ཕན་ཞབས་ཞུ་རབ་དང་རིམ་པས་འབྲུ་རིགས་ཐོན་འབབ་ལོ་ལྔར་
    བསྟུད་མར་ཐོན་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་19ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་གྲངས་གཞི་ལས་གསལ་བར། སྤྱི་ལོ་༢༠༡༤ལོར་བོད་ལྗོངས་ཀྱི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ས་ཡ་༢དང་༥འབུམ་༢ཁྲི་༣སྟོང་༧བརྒྱ་ཟིན་པ་དང་། ཐོན་འབབ་དེ་སྤྱི་ལོ་༢༠༠༩ལོའི་ཏུན་༩འབུམ་༥སྟོང་༣བརྒྱ་ནས་ད་ལོའི་ཏུན་༩འབུམ་༨ཁྲི་༥སྟོང་བར་འཕར་ནས། ལོ་ལྔར་བསྟུད་མར་འཕར་སྣོན་བྱུང་ཡོད་པ་རེད། འབྲུ་རིགས་ཐོན་འབབ་ལོ་ལྔར་བསྟུད་མར་འཕར་སྣོན་བྱུང་བ་དེ་ནི་ཞིང་ཕན་ཞབས་ཞུ་རབ་དང་རིམ་པར་བརྟེན་པ་ཞིག་རེད། བོད་ལྗོངས་ཀྱི་གནམ་གཤིས་ཆ་རྐྱེན་ཞན་པ་དང་ས་མཐོ་ལ་གསོ་རླུང་མི་འདང་བ། སྔར་ནས་ཞིང་ལས་ཐོན་སྐྱེད་བྱེད་སྟངས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པས་འབྲུ་རིགས་ཐོན་འབབ་ཅུང་དམའ་པོ་ཡིན་པ་རེད། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ཀྱི་ཞིང་ལས་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཞིང་ལས་ཐིང་གི་མི་སྣས། ན་ནིང་བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་ཞིང་སྟོབས་ཞིང་ཕན་ཞིང་ཕྱུགས་སྲིད་ཇུས་ལག་བསྟར་བྱས་པ་དང་། ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་སྒོར་དུང་ཕྱུར་༡༦༠དང་བྱེ་བ་ལྔ་ཟིན་ཡོད་ཅེས་བཤད་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་ནས་བོད་རང་སྐྱོང་ལྗོངས་ཀྱིས་འབྲུ་རིགས་ཐོན་འབབ་ཏུན་༩འབུམ་༨ཁྲི་ཡན་ཟིན་པ་བྱེད་དགོས་པ་དང་། དེའི་ནང་ནས་ཀྱི་ཐོན་འབབ་ཏུན་༦འབུམ་༨ཁྲི་ཡན་ཟིན་པ་བྱེད་དགོས་པའི་དམིགས་འབེན་གཏན་འཁེལ་བྱས་པ་མ་ཟད་དེའི་ཐད་ཞིང་སྟོབས་ཞིང་ཕན་བྱ་ཐབས་རབས་དང་རིམ་པ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།