འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅༎ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་19ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        རྒྱལ་ཡོངས་ཀྱི་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྤྱི་ཚེས་༡༧ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་འདུག
           ཀྲང་ཀའོ་ལིས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་ཧུར་བརྩོན་ཆེ་ལ་བརྟན་པོ་ཡོང་བ་བྱེད་པ་དང་དོན་དངོས་ལ་གཞིགས་རྒྱུ་རྒྱུན་འཁྱོངས་ཀྱིས་དབྱེ་བ་ཡོད་པའི་ཐེམ་ཐོ་སྒྱུར་བའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། མི་རྩ་བར་འཛིན་པ་དང་དམངས་འདོད་དང་མཐུན་པ་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་རང་རྟེན་གཏན་སྡོད་ཀྱི་བསམ་འདུན་ལ་བརྩི་འཇོག་གང་ལེགས་བྱེད་པ། ཞིང་ལས་གནས་སྤོའི་མི་འབོར་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ལ་ཁྱབ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། ལམ་ལུགས་བཀོད་སྒྲིག་བྱེད་པའི་ཐད་རིགས་ཁག་གི་སྤྱི་ཚོགས་མི་ཚོགས་ལ་བདམ་ག་དེ་བས་མང་བ་སྤྲོད་པ་དང་ཚད་གཞི་ཆེ་ཤོས་ཐོག་ནས་སྒྱུར་བཅོས་ཀྱི་ཁེ་ཕན་མངོན་པ་བྱེད་དགོས། ཆ་སྒྲིག་གཅིག་གྱུར་འཆར་འགོད་བྱེད་པ་དང་མཉམ་དུ་སྐུལ་འདེད་བཏང་ནས་གནས་སྡོད་ལག་འཁྱེར་དོ་དམ་བྱ་ཐབས་ཞེས་པ་དུས་ཚོད་དམ་འཛིན་གྱིས་བཟོས་ཐོག་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་བྱེད་རྒྱུ་དེ་སློབ་གསོ་དང་ལས་ཞུགས། སྨན་བཅོས། རྒན་གསོ། སྡོད་ཁང་འགན་སྲུང་། གྲོང་གསེབ་ཀྱི་ཐོན་ལས་ཁེ་དབང་། ནོར་ཤུགས་འགན་སྲུང་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་འབྲེལ་མཐུད་ཡག་པོ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག
      

    ཕྱོགས་བསྡུས་གསར་འགྱུར།