འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཕྱོགས་སྡོམ་
    གཟེངས་བསྟོད་དང་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་
    སྐུལ་སློང་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་18ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཕྱོགས་སྡོམ་
གཟེངས་བསྟོད་དང་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་
སྐུལ་སློང་ཚོགས་ཆེན་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག་དང་། གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི།ཕུལ་བྱུང་སྒྲིག་འཛུགས་ཚན་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས(ཡིག་ཆ་ཆ་ཚང་ལོགས་སུ་འགོད་རྒྱུ)སྒྲོག་སྦྱངས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། མགོན་པོ་བཀྲ་ཤིས།ཆེ་དགྲ་ལྷ།ལེའང་ཐེན་ཀེང་། རྡོ་ཐོགས། ཏིང་ཡེ་ཤན།ཝང་རུའེ་ལན། ཝང་གཡུང་ཅུན་བཅས་ཕེབས་ཡོད་པ་རེད།
          ཁྲེན་ཆོན་གོས་གྲོང་ཚོར་བཅའ་སྡོད་ལས་དོན་ནི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པས་ཡུན་རིང་བོད་འཛུགས་སྐྱོང་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་རེད།ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན་རིམ་པ་ཁག་དང་།སྡེ་ཚན་ཁགཚན་པ་ཁག་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་དེ་གོང་ཁག་གཉིས་ཀྱི་གྲོང་ཚོར་བཅའ་སྡོད་ཀྱི་རྨང་གཞིའི་ཐོག་སྔར་བས་ཚད་མཐོའི་མཐོང་ཆེན་དང་མྱུར་དུ་བྱ་སྤྱོད་སྤེལ་བ་དང་སྐུལ་སློང་གཏིང་ཟབ་དང་སྒྲིག་འཛུགས་ཞིབ་ཚགས།འགན་ལེན་ཤུགས་ཆེན་དང་།སྐུལ་འདེད་ནུས་ལྡན་བཅས་བྱུང་ནས་གྲོང་ཚོར་བཅའ་སྡོད་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད།གྲོང་ཚོར་བཅའ་སྡོད་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རྦད་དེ་ཡང་དག་པ་དང་ཧ་ཅང་དགོས་ངེས་ཤིག་ཡིན་པ་དང་།ཀྲུང་དབྱང་གི་བླང་བྱ་དང་འཚམ་ཞིང་།བོད་ཀྱི་དོན་དངོས་དང་མཐུན་པ།དམངས་སེམས་དམངས་འདོད་དང་མཐུན་པ་བཅས་ཡིན་པས་རྩ་བཅོས་ཀྱི་ཐབས་ཇུས་དང་ཕུགས་ཀྱི་བྱ་ཐབས།ཕན་སྦྱར་འདུ་འགོད།དམངས་སེམས་འདུ་འགོད།རྨང་གཞིའི་འདུ་འགོད་བཅས་ཡིན་པས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཁས་ལེན་གང་ལེགས་ཐོབ་པ་དང་།ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ།སྤྱི་ཚོགས་ལས་རིགས་ཁག་གི་ཡོངས་ཁྱབ་ཀྱི་བསྔགས་བརྗོད་ཐོབ་པ་བཅས་ལག་ལེན་གྱི་ཐོག་ནས་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།