འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ཀྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་
    ཁྲལ་དངུལ་སྒོར་དུང་ཕྱུར་17.7ཆག་ཡང་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་18ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་རིགས་ཁག་གི་ཁྲལ་དངུལ་སྒོར་ཁྲི་177034ཆག་ཡང་བཏང་བ་དེའི་ནང་གནས་ཐང་འཕར་ཁྲལ་སྒོར་ཁྲི་7128དང་།གཉེར་སྐྱོང་ཁྲལ་སྒོར་ཁྲི་3112 ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི་163826 མི་སྒེར་གྱི་ཐོབ་ཁྲལ་སྒོར་ཁྲི་184 རླངས་འཁོར་ཉོ་སྒྲུབ་ཁྲལ་སྒོར་ཁྲི་1670བཅས་ཆག་ཡང་བཏང་བ་རེད།
        ས་ཁོངས་དང་དེ་བཞིན་ཐོན་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་།ས་ཁོངས་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཐོབ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།དམངས་འཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།སྤྱི་ཚོགས་ཀྱི་འགན་ལེན་ཁྲལ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཁོར་ཡུག་སྲུང་སྐྱོང་ཐོན་ལས་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བ།མཐོ་གསར་ལག་རྩལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ།རིག་གནས་དང་།སློབ་གསོ།ལུས་རྩལ་བཅས་ཞི་མཐུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད།ལྗོངས་ཡོངས་ཀྱི་ཁེ་ལས་ལ་ཁྲལ་དངུལ་སྒོར་དུང་ཕྱུར་16ལྷག་ཙམ་ཉུང་དུ་ཕྱིན་ནས་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བ་དང་རང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་དཔལ་འབྱོར་དར་རྒྱས་ལ་སྐུལ་མ་ཐེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།