འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།མཚོ་སྔོན་དུ་ཕུའུ་ཧྲི་དགོ་བའི་ཁ་གྲངས་༨༣༠ལྷག་ཙམ་བར་མང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་18ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིཊ་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཕུའུ་ཧྲི་དགོ་བ་སྲུང་སྐྱོབ་ཁུལ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་སྲུང་སྐྱོབ་ཁུལ་དེའི་ནང་ཕུའུ་ཧྲི་དགོ་བའི་ཁ་གྲངས་༨༣༠ལྷག་ཙམ་ཡོད་པ་རེད།
         དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་མི་སྣས་ཕུའུ་ཧྲི་དགོ་བར་(普氏原羚)ཀྲུང་ཧྭ་ཡི་རྭ་ལྡན་དགོ་བ་ཞེས་བརྗོད་ཅིང་། ༡༨༧༥ལོར་ཨུ་རུ་སུའི་རྟེན་རྫས་བཤམས་མཛོད་རིག་པ་མཁས་ཅན་ཕུའུ་རེ་ཝར་སི་ཅི་ཡིས་གསར་རྙེད་བྱུང་རྗེས་ཕུའུ་ཧྲི་དགོ་བ་ཞེས་མིང་བཏགས་པ་ཞིག་ཡིན་པ་དང་དུས་རབས་གོང་མའི་དུས་འགོར་མཚོ་སྔོན་དང་། ནང་སོག ཀན་སུའུ། ཉིང་ཞ་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། མིའི་རིགས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཕུའུ་ཧྲི་དགོ་བ་མིག་སྔར་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་ཁོ་ནར་འཚོ་སྡོད་བྱེད་ཀྱི་ཡོད་པ་རེད།
         གྲངས་གཞི་ལས་མངོན་པར། དུས་རབས་གོང་མའི་ལོ་རབས་༨༠པའི་ལོ་འགོར་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་ཕུའུ་ཧྲི་དགོ་བའི་ཁ་གྲངས་༡༠༠༠ལས་བརྒལ་བ་དང་དུས་རབས་གོང་མའི་ལོ་རབས་༩༠པའི་དུས་དཀྱིལ་དུ་༣༠༠བར་ཉུང་དུ་ཕྱིན་ཡོད། ༡༩༩༩ལོར་ཕུའུ་ཧྲི་དགོ་བ་རང་རྒྱལ་སྲིད་གཞུང་གིས“ཆེས་སྟོངས་ཉེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས”ཀྱི་མིང་གཞུང་ནང་བཅུག་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་མཚོ་སྔོན་གྱི་རིམ་ཁག་སྲིད་གཞུང་དང་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་དང་དེ་བཞིན་མཚོ་སྔོན་པོའི་མཐའ་འཁོར་འབྲོག་པས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཕུའུ་ཧྲི་དགོ་བར་སྲུང་སྐྱོབ་བྱེད་པ་དང་༢༠༠༧ལོར་མཚོ་སྔོན་པོའི་བྱང་ངོགས་དང་འབྲེལ་བའི་རྐང་ཚ་རྫོང་དུ་རྒྱལ་ཡོངས་ཀྱི་ཕུའུ་ཧྲི་དགོ་བ་སྲུང་སྐྱོབ་ཁུལ་ཐོག་མ་དེ་བཙུགས་ཡོད། གཞན་ཡང་ད་དུང་སྲིད་གཞུང་གིས་ཁ་གསབ་སྤྲོད་པ་བརྒྱུད་སྲུང་སྐྱོབ་ཁུལ་གྱི་མཐའ་འཁོར་འབྲོག་པའི་རྩྭ་རའི་ར་སྐོར་སྨི་༡.༥ནས་སྨི་༡.༢བར་དམའ་རུ་བཏང་སྟེ་ཕུའུ་ཧྲི་དགོ་བ་གནས་སྤོ་བྱེད་བདེ་ཡོང་བ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།