འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་
    སྲིད་གཞུང་གི་གཏན་འབེབས། 

      (2014ལོའི་ཟླ་11ཚེས་15ཉིན) 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་18ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཁག་གསུམ་པའི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག་དང་།གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི།ཕུལ་བྱུང་སྒྲིག་འཛུགས་ཚན་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།
        ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་སྲིང་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་ཐོབ་ཐབས་བྱེད་པ།རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པའི་གཏན་ལ་ཕབ་པའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན།ཁག་གསུམ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན་རིམ་ཁག་སྡེ་ཚན་ཁག་དང་ཚན་པ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཁག་དང་པོ་དང་གཉིས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག་སྔར་བས་ཚད་མཐོའི་མཐོང་ཆེན་དང་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་སྐུལ་སློང་གཏིང་ཟབ་དང་།སྒྲིག་འཛུགས་ཞིབ་ཚགས།འགན་ལེན་ལ་ཤུགས་སྣོན།ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་འགན་ལེན་བྱས་ཡོད།གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་དོན་རུ་མིས་དམངས་གཅེས་དང་དམངས་བརྩེའི་སེམས་པ་འཆང་བ་དང་།དམངས་ཕན་གྱི་འགན་འཁྲི་འཁུར་བ།ཁྱིམ་ཚང་ཆུང་ཆུང་བློས་བཏང་ནས་ཁྱིམ་ཚང་ཆེན་པོར་ལྟ་རྟོག་བྱེད་པ་བཅས་བྱས་ཏེ་ལས་གནས་བརྟན་སྲུང་དང་།སྒྲིག་ཁྲིམས་ནན་པོ་སྲུང་བ།དཀའ་ཚེགས་ལ་མི་སྐྲག་པ།རང་སྲོག་བློས་གཏོང་བ།ཆ་རྐྱེན་མི་གླེང་བ།ཁེ་གྲགས་དོན་གཉེར་མི་བྱེད་པ།རང་འགན་གཙང་སྒྲུབ།ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་གཙོ་གནད་ལས་འགན་ཁག་ལྔ་ཁྱོན་ཡོངས་ནས་དོན་འཁྱོལ་དང་།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས་ཏང་དང་མང་ཚོགས་དབར་དང་།ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་དང་མཐུན་སྒྲིལ་འབད་འཐབ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་རུ་མི་ཁག་གཅིག་ཐོན་པར་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཁས་ལེན་གང་ལེགས་ཐོབ་ཡོད་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་དང་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་ཀྱང་ཐོབ་ཡོད།
        སྔོན་ཐོན་ལ་གཟེངས་བསྟོད་དང་།དཔེ་མཚོན་གཏོད་པ།ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་ལྕག་སྐུལ་བཅས་བྱ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཤར་གསོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ལས་དོན་རུ་ཁག་སོགས་ལས་དོན་རུ་ཁག་683ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག”དང་།ཨ་ནན་སོགས་ལས་དོན་རུ་མི་2732ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི” གཞིས་རྩེ་ས་ཨུད་གཞུང་དོན་ཁང་སོགས་ཚན་པ་260ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུལ་བྱུང་སྒྲིག་འཛུགས་ཚན་པ” སྟོད་ལུང་བདེ་ཆེན་རྫོང་རྨང་བརྟན་དམངས་ཕན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་སོགས་སྒྲིག་གཞི་20ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ” ཀུའུ་ཆུན་སོགས་བློ་མཐུན་150ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་མི་སྒེར”བཅས་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་དང་།ང་རྒྱལ་དང་འཚབ་འཚུབ་སྤོང་བ།སླར་ཡང་བྱས་རྗེས་གསར་པ་འཇོག་པ་བཅས་བྱ་རྒྱུའི་རེ་བ་ཡོད།ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁོང་ཚོ་མིག་དཔེ་དང་ཚད་གཞིར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ།ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་ཐོབ་ཐབས་བྱེད་པ།རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་དམིགས་ཡུལ་སེམས་ལ་བརྟན་པོར་ངེས་པ་དང་།མང་ཚོགས་ལ་ཞབས་འདེགས་ཞུ་བ།འགག་སྒྲོལ་དཀའ་སེལ།གསར་འབྱེད་གསར་གཏོད་བཅས་ཀྱི་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་གཙོ་གནད་ལས་འགན་ཁག་ལྔ་མུ་མཐུད་དོན་འཁྱོལ་ཡག་པོ་དང་།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་།འགོ་འཛུགས་ས་གསར་པའི་ཐོག་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།