འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་
    (དཔར་དབང་ཅུས)ཀྱི་སྒོ་བྱང་བཀལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་18ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས(བོད་ལྗོངས་དཔར་དབང་ཅུས)ཀྱི་སྒོ་བྱང་དངོས་སུ་བཀལ་ནས་བཙུགས་པ་དེ་ཐོག་ནས་བོད་ཀྱི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་བོད་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས(དཔར་དབང་ཅུས)ཀྱི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་བརྗེ་བསྒྱུར་གྱི་འབྲེལ་ཡོད་ལས་དོན་ལེགས་གྲུབ་རགས་ཙམ་བྱུང་ནས་འགན་ནུས་གསར་པ་ལག་ལེན་བསྟར་འགོ་ཚུགས་པ་མཚོན་ཡོད་པ་རེད།
        སྒོ་བྱང་བཀལ་ནས་བཙུགས་རྗེས་བོད་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་སུ་བོད་ལྗོངས་དཔར་དབང་ཅུས་ཀྱི་སྒོ་བྱང་བསྣན་ནས་བཀལ་ཏེ་བརྩམས་ཆོས་བདག་དབང་དོ་དམ་ཐད་དཔར་དབང་ཅུས་ཀྱི་མིང་ཐོག་ནས་འགན་དབང་སྤྱོད་རྒྱུ་རེད།བོད་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་བོད་ལྗོངས་དཔར་དབང་ཅུས་ཀྱིས་དེ་སྔའི་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་བོད་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས(དཔར་དབང་ཅུས)ཀྱི་སྲིད་འཛིན་འགན་འཁྲི་བསྐྱར་དུ་ཚད་ལྡན་དུ་བཏང་བ་དང་བསྡུ་སྒྲིལ་བྱས་པ་དེའི་ནང་འགན་འཁྲི་གཙོ་བོ་ཁག་13ཡོད་པ་དེ་སྒྱུར་བཅོས་མ་བྱས་གོང་ལས་ཁག་8མེད་པ་བཟོས་པ་དང་།ཁག་7མཐུད་པ།ཁག་9དབང་ཆ་གཤམ་སྤྲོད་བྱས་པ།ཁག་8ལ་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཡོད།བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས(ཐིང་རིམ་པ་རྒན་པ)དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཐད་གཏོགས་སྒྲིག་གཞི་ཡིན་པ་དང་དེའི་ནང་སྒྲིག་གཞི་14(ཁྲུའུ་རིམ་པ་རྒན་པ)བཙུགས་ཡོད་པ་དང་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་སུ་ལས་དོན་མི་སྣ་84ཡོད་པ་རེད།
        བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས(དཔར་དབང་ཅུས)ཀྱི་འབྲེལ་ཡོད་འགན་འཁུར་བས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་ཁོང་དུ་བརྟན་པོ་ཆུད་པ་དང་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ་དང་།བསྡུ་སྒྲིལ་བྱེད་ཚད་མགྱོགས་སུ་གཏོང་བ་དང་འགན་ནུས་བཀོད་སྒྲིག་སྔར་བས་ལེགས་སྒྲིག་དང་དབང་ཆ་དང་འགན་འཁྲིའི་དབར་གྱི་འབྲེལ་བ་གསལ་དུ་བཏང་སྟེ་ཚན་རིག་དང་མཐུན་ཞིང་ནུས་པ་ཆེ་བའི་ལས་ཀའི་སྒྲིག་གཞི་དང་འཁོར་སྐྱོད་ལམ་སྲོལ་འཛུགས་རྒྱུ།བརྗོད་དོན་གཙོ་བོའི་དཔེ་སྐྲུན་དང་གླེང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་གྱི་ནུས་པ་ཆེ་རུ་བཏང་སྟེ་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ནས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་གོང་མཐོར་གཏོང་རྒྱུ།དཔུང་ཁག་འཛུགས་སྐྱོང་ལ་གཙོ་གནད་ཤུགས་སྣོན་བརྒྱབ་ནས་མིག་སྔའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་བཅས་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།