འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཀན་ལྷོ་ཀྲོའུ་ཀླུ་ཆུ་རྫོང་གི་འདི་ལོའི་དུས་ཐེངས་དང་པོའི་བོད་བརྒྱུད་ནང་བསྟན་
    གྱི་ཆོས་ཕྱོགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀན་སུའུ་ཀན་ལྷོ་ཀྲོའུ་ཀླུ་ཆུ་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྫོང་དེ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་8ཀྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་མི་སྣ་40སྒྲིག་འཛུགས་བྱས་ཏེ་འདི་ལོའི་དུས་ཐེངས་དང་པོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
          གསོ་སྦྱོང་ནང་གཅིག་སྡུད་ཐོག་སློབ་ཚན་ཁྲིད་པ་དང་ལྟ་སྐོར་སློབ་སྦྱོང་བྱེད་རྒྱུ་གཉིས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་པ་དང་། ལྷག་པར་དུ་ཀན་ལྷོ་ཀྲོའུ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཁའ་འགྲོ་ཚེ་རིང་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བོད་ཡིག་ཚན་ཁག་གི་འཆད་ཁྲིད་དགེ་རྒན་ཁྲིམས་ལུགས་རིག་པའི་རབ་འབྱམས་པ་དགེ་རྒན་པདྨ་ཚེ་བརྟན་གདན་ཞུ་བྱས་ཏེ་གསོ་སྦྱོང་ནང་ཞུགས་མཁན་གྱི་དགེ་འདུན་པར་ཀྲུང་དབྱང་དང་ཞིང་ཨུད་ཀྱི་འབྲེལ་ཡོད་བོད་རིགས་ས་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་དང་༼བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱ་ཐབས་༽དང་༼ཀན་སུའུ་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་༽དེ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྡོམ་ཁྲིམས། རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བའི་བཅའ་ཁྲིམས་དབར་གྱི་འབྲེལ་བ་བཅས་གཙོ་གནད་དུ་སློབ་ཁྲིད་བྱས་པ་དང་ད་དུང་གོ་བདེ་ཞིང་ཤེས་སླ་བའི་སྐད་ཡིག་གི་ཐོག་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་དོན་གཙོ་བོ་འཆད་འགྲེལ་བྱས་པ་རེད།
          གསོ་སྦྱོང་བྱས་པ་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་མི་སྣའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་སྔར་བས་མཐོ་རུ་ཕྱིན་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ལམ་ལྷོངས། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ནུས་པ་ཧུར་ཐག་བཏོན་ཐུབ་པ་བྱུང་བ་དང་གསོ་སྦྱོང་ནང་ཞུགས་མཁན་དགེ་འདུན་པས་བོད་བརྒྱུད་ནང་བསྟན་གྱི་སྡོམ་ཁྲིམས་དང་རང་རྒྱལ་བཅའ་ཁྲིམས་དབར་གྱི་འབྲེལ་བ་ཤེས་རྟོགས་བྱུང་སྟེ་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་། འཕེལ་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་ཧུར་ཐག་སྐྲུན་པ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།