འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་༤༠བཏང་ནས་འབྲིང་རིམ་ལས་རིགས་སློབ་གྲྭའི་
    སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 11:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་དབྱང་ནོར་སྲིད་ཀྱིས་དེང་རབས་ལས་རིཊ་སློབ་གསོའི་སྤུས་ཚད་མཐོར་གཏོང་འཆར་གཞིའི་ཆེད་དངུལ་སྒོར་དུང་ཕྱུར་༤༠གཤམ་སྤྲོད་བྱས་པ་དེ་༢༠༡༣ལོ་ལས་༢༣.༥%ཟིན་པ་དེ་དག་ས་ཁུལ་གྱིས་འབྲིང་རིམ་ལས་རིགས་སློབ་གྲྭའི་དངོས་སྦྱོང་རྟེན་གཞིའི་འཛུགས་སྐྲུན་དང་། སློབ་གྲྭའི་ཁང་པ་ཉམས་གསོ་དང་སྒྱུར་བཀོད། སློབ་ཁྲིད་ཀྱི་དཔྱད་ཆས་སྒྲིག་ཆས་དང་དཔེ་དེབ་ཀྱི་དཔྱད་གཞིའི་ཡིག་རིགས་ཉོ་སྒྲུབ་སོགས་ལ་རྒྱབ་སྐྱོར་བྱས་ནས་འབྲིང་རིམ་ལས་རིགས་སློབ་གྲྭའི་གཞི་རྩའི་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་བཏང་སྟེ་འབྲིང་རིམ་ལས་རིགས་ཀྱི་སློབ་གསོའི་རྨང་གཞིའི་ནུས་པ་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
         ནོར་སྲིད་པུས་ཞིང་ཆེན་རིམ་པའི་སློབ་གསོ་དང་། ནོར་སྲིད་སྡེ་ཚན་ལ་རང་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་བཀོད་ཁྱབ་ལེགས་སྒྲིག་དང་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ནས་གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་། གཙོ་གནད་མངོན་གསལ་དོད་པ། ཕན་འབྲས་ལ་གཙིགས་ཆེན་བཅས་ཀྱི་རྩ་དོན་ལྟར་ཀྲུང་དབྱང་གི་ཆེད་དངུལ་དང་རང་ཡོད་ནོར་ཤུགས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་རང་ས་ཁུལ་གྱི་གཞུང་བཙུགས་འབྲིང་རིམ་ལས་རིགས་སློབ་གྲྭའི(ལག་རྩལ་བཟོ་པའི་སློབ་གྲྭ་ཚུད)གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ས་ཁོངས་ཐོན་ལས་གཞན་སྒྱུར་རིམ་སྤོར་གྱི་དགོས་འདུན་དང་འཚམ་ཆེད་མི་འབོར་གཅིག་སྡུད་དང་ཐོན་ལས་ཀྱི་འཕེལ་རྒྱས་ལ་མཁོ་བའི་གྲོང་གསེབ་དང་། མི་རིགས། དབུལ་ཕོངས་ས་ཁུལ་བཅས་ལ་འོས་འཚམ་ངང་གཟིགས་སྐྱོང་བྱེད་དགོས་པ་དང་། ས་ཁོངས་ནང་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་ལྡན་པའི་གཞུང་བཙུགས་འབྲིང་རིམ་སློབ་གྲྭར་རྒྱབ་སྐྱོར་བྱས་ནས་སློབ་གཉེར་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། སློབ་གཉེར་གྱི་བླང་བྱ་དང་འཚམ་པ་དང་། སློབ་གསོའི་སྤུས་ཚད་མཐོ་བ། སྤྱི་ཚོགས་ཐོག་སྙན་གྲགས་ཆེ་བའི་དམངས་གཉེར་འབྲིང་རིམ་ལས་རིགས་སློབ་གྲྭར་ལྟ་རྟོག་ཀྱང་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།