འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་དགུ་པའི་
    དུས་རིམ་གཉིས་པའི་གྲོས་ཚོགས་ལ་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་(G20)འགོ་ཁྲིད་པའི་དབུ་ཚོགས་ཐེངས་དགུ་པའི་དུས་རིམ་གཉིས་པའི་གྲོས་ཚོགས་མུ་མཐུད་ནས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་པུའུ་ལི་སི་པན་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 
           གྲོས་ཚོགས་ཐོག་འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁར་འགོག་རྒོལ་བྱ་རྒྱུའི་ནུས་པ་ཆེ་རུ་གཏོང་རྒྱུའི་གྲོས་གཞིར་གྲོས་བསྡུར་བྱེད་སྐབས་ཞིས་ཅིན་ཕིང་གིས་དང་པོ། མུ་མཐུད་ནས་རྒྱལ་སྤྱིའི་དངུལ་རྩ་མ་ལག་བསྒྱུར་བཅོས་བྱས་ཏེ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་བགོ་སྐལ་བསྒྱུར་བཅོས་འཕེལ་རིམ་ཇེ་མགྱོ གས་གཏོང་དགོས་པ་དང་། གཉིས་པ། འཛམ་གླིང་ཡོངས་ཀྱི་ཁྲལ་བསྡུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་ཁྲལ་གཡོལ་ཁྲལ་བྱོལ་ལ་རྡུང་རྡེག་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཡོང་འབབ་ཉུང་བའི་རྒྱལ་ཁབ་ལ་དཔྱ་ཁྲལ་བསྡུ་ལེན་དོ་དམ་བྱེད་ནུས་ཆེ་རུ་གཏོང་རོགས་བྱ་དགོས་པ། གསུམ་པ། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་ བྱ་དགོས་པ། བཞི་པ། འཕེལ་རྒྱས་ཀྱི་གནད་དོན་ལ་དོ་ཁུར་བྱེད་ཤུགས་ཆེ་རུ་བཏང་ནས་འཕར་སྣོན་གཏོང་བར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་པ་དང་། འཕེལ་རྒྱས་གཏོང་བར་བརྟེན་ནས་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བའི་འཕེལ་རྒྱས་ལྟ་བ་འཛུགས་དགོས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱ་དགོས་ཞེས་གསུངས་པ་རེད། 
         རྒྱལ་སྤྱིའི་ཉོ་ཚོང་སྐོར་གྱི་གྲོས་གཞིར་གྲོས་མོལ་བྱེད་སྐབས་ཞིས་ཅིན་ཕིང་གིས་ཉོ་འཚོང་སྲུང་སྐྱོང་རིང་ལུགས་ནི་མི་གཞན་ལ་གནོད་ཅིང་རང་ཉིད་ལའང་ཕན་པ་མེད་པ་ཞིག་རེད། རྒྱལ་ཁབ་ཉི་ཤུ་ཚོགས་པར་གཅིག་གྱུར་དང་། སྒོ་འབྱེད། ཀུན་ཕན་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཏོ་ཧ་གྲོང་ཁྱེར་དུ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་མོལ་བྱེད་ཐེངས་ཀྱི་གྲོས་དོན་སྔ་ཙམ་ལེགས་འགྲུབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ད་དུང་རྒྱལ་ཁབ་ཁག་གིས་སོ་སོའི་དགེ་མཚན་འདོན་སྤེལ་བྱ་རྒྱུ་དང་ཕན་ཚུན་བཟང་ཆ་གསབ་རེས་བྱ་རྒྱུར་ཕན་པའི་ཉོ་འཚོང་ཁོར་ཡུག་འཛུགས་སྐྱོང་བྱས་ཏེ་འཛམ་གླིང་ཡོངས་ཀྱི་རིན་ཐང་གི་འབྲེལ་ཐག་ཁྲོད་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོ་གནས་མཐོ་རུ་འགྲོ་བ་མ་ཟད་ཁེ་ཕན་ཡང་ཐོབ་པར་རོགས་རམ་བྱ་རྒྱུའི་ནུས་པ་དང་འགན་འཁྲིད་ཡོད་ཅེས་གསུངས་པ་རེད། 
          གྲོས་ཚོགས་ཐོག་ཀྲུང་གོས་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ལ་2016ལོའི་ཀྲུའུ་ཞིའི་རྒྱལ་ཁབ་ལེགས་པར་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།