འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མངའ་རིས་མཚོ་ཆེན་དུ་བོད་རང་སྐྱོང་ལྗོངས་ཀྱི་ཆེས་སྔོན་ཐོན་གྱི་རིག་ནུས་གློག་དྲ་ཆུང་
    གྲས་ཀྱི་ལས་གྲྭ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 08:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མངའ་རིས་མཚོ་ཆེན་དུ་བོད་རང་སྐྱོང་ལྗོངས་ཀྱི་ཆེས་སྔོན་ཐོན་གྱི་རིག་ནུས་གློག་དྲ་ཆུང་
གྲས་ཀྱི་ལས་གྲྭ་བསྐྲུན་པ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རྒྱལ་ཁབ་གློག་དྲ་ཀུང་སིས་ཁ་གཏད་རོགས་སྐྲུན་བྱས་པའི་མཚོ་ཆེན་རྫོང་གི་གློག་དྲ་ཆུང་གྲས་ཀྱི་དཔེ་སྟོན་ལས་གྲྭ་འཛུགས་སྐྲུན་བྱས་ནས་གློག་གཏོང་འགོ་ཚུགས་ཡོད། དུས་དེ་ནས་བཟུང་མངའ་རིས་ས་ཁུལ་གྱི་ཐག་རིང་དུ་གནས་པའི་མཚོ་ཆེན་རྫོང་གི་མི་སེར་ཚོར་ཡུན་རིང་གློག་དཀོན་པའི་ལོ་རྒྱུས་མཇུག་འགྲིལ་ནས་ཆུ་ཚོད་༢༤ཡི་རིང་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་སྤྱོད་རྒྱུ་བྱུང་ཡོད། བོད་ཀྱི་ཆེས་སྔོན་ཐོན་གྱི་རིག་ནུས་གློག་དྲ་ཆུང་གྲས་དེ་ཆུ་གློག་དང་། འོད་ཤུགས་གློག་གཏོང་། རླུང་ནུས་གློག་གཏོང་། ཁྲའེ་ཡིའུ་སྣུམ་གྱི་འཕྲལ་སྡོམ་གློག་གཏོང་སོགས་ཕན་ཚུན་གསབ་རེས་ཀྱི་གློག་འདོན་གློག་ཁུངས་འདུས་པ་དང་དྲ་སྦྲེལ་བྱས་ནས་འཁོར་རྒྱུག་དང་རིག་ནུས་ལྡན་པའི་ངང་བཀོད་གཏོང་བྱས་ཆོག་པ་དང་གློག་འདོན་འཕྲུལ་འཁོར་ནས་སྤྱིའི་གློག་འདོན་ཚད་ཆན་ཝ་༡༤༠༠ཟིན་པ་དང་གློག་མཁོ་འདོན་ཐད་བློས་འགེལ་ཆོག་ལ་ཉམས་གསོ་བྱེད་སླ་བའི་ཆན་ཕུའུ་༡༠ཟིན་པའི་རྫོང་ཁོངས་གློག་དྲ་ཞིག་ཆགས་པ་དང་རྫོང་གྲོང་དང་ཉེ་འགྲམ་གྱི་གྲོང་ཚོ་དང་གྲོང་རྡལ་གྱི་དུད་ཚང་༤༠༠༠ལྷག་ཙམ་གྱིས་གློག་སྤྱོད་ཐུབ་ཀྱི་ཡོད། མཚོ་ཆེན་རྫོང་དེ་ཉིད་བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཤར་རྒྱུད་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་༤༧༠༠ཡན་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།