འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་རྡོ་སོལ་གློག་སྒྱུར་གྱི་ཕྱིའི་གློག་ཁུངས་ལས་གྲྭ་ལས་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 08:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་པེ་ཅིང་གྲོང་ཁྱེར་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ༢༠༡༤ལོའི་རྡོ་སོལ་གློག་སྒྱུར་གྱི་ཕྱིའི་གློག་ཁུངས་ལས་གྲྭ་དེ་ཟླ་༡༡ཚེས་༡༤ཉིན་ལས་མཇུག་འགྲིལ་བ་དང་རྒྱལ་སའི་ལྟེ་བའི་ཁུལ་གྱི་གསར་འཕར་ཡུལ་མི་དུད་ཚང་ཁྲི་༡.༧གྱིས་གཙང་སྦྲ་ལྡན་པའི་གློག་གི་དྲོད་ཆས་སྤྱོད་ཐུབ་རྒྱུ་ཡིན་ཞིང་། མིག་སྔར་གྲོང་སྐོར་གཉིས་པའི་ནང་ཁུལ་གྱི་རྡོ་སོལ་གློག་སྒྱུར་སྤྱོད་མཁན་དུད་ཚང་བསྡོམས་འབོར་ཁྲི་༢༨.༡ཟིན་ཡོད་པ་དང་སྔོན་དཔག་ལྟར་ན་དགུན་དུས་ཀྱི་དྲོད་ལེན་ནམ་དུས་ནང་རྡོ་སོལ་ཏུན་ཁྲི་28ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིཊ་ན། གྲོང་སྐོར་གཉིས་པའི་ནང་ཁུལ་དུ་ཡུལ་མི་དུད་ཚང་ཁྲི་༢༨.༡གིས་རྡོ་སོལ་གློག་སྒྱུར་ཐུབ་ནས་དྲོད་ལེན་པའི་ནམ་དུས་རིང་དུད་ཚང་རེས་ཆ་སྙོམས་རྡོ་སོལ་ཏུན་༡བསྲེགས་པར་བརྩིས་ཚེ་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་ཏུན་༧༣དང་། དབྱང་གཉིས་ལིའུ་རྫས་སྤྱི་རྒྱ་ཁྲི་༢༣༨དང་། ཏན་དབྱང་འགྱུར་རྫས་སྤྱི་རྒྱ་ཁྲི་༢༠༨བཅས་ཙམ་ཉུང་དུ་ཕྱིན་ནས་པེ་ཅིང་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་མཐོ་རུ་ནུས་ལྡན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།