འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དགོན་སྡེ་སྟོང་ཕྲག་ལྷག་གི་མེ་ཟོན་ནུས་པ་ཆེ་རུ་སོང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 08:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་༡༠ཙམ་གྱི་རིང་ལ་དགོན་སྡེའི་ཆུ་འདྲེན་ཆུ་གཤོང་དང་། གློག་རླངས་ལམ་ཐིག་སྒྱུར་བཀོད། མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ལས་གྲྭ་བསྐྲུན་མགྱོགས་སུ་བཏང་བ་དང་། དགོན་སྡེའི་མེ་ཟོན་བདེ་འཇགས་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱས་པ་བརྒྱུད། ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ས་སྐྱ་དགོན་སོགས་བོད་ལྗོངས་ཀྱི་དགོན་སྡེ་སྟོང་ཕྲག་ལྷག་གི་མེ་ཟོན་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་རེད།
         བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་དྲིལ་བསྒྲགས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཡུས་ཧང་གིས་བོད་ལྗོངས་ཀྱི་དགོན་སྡེའི་ཁང་པ་ཕལ་ཆེ་བ་ནི་ས་རྡོ་ཤིང་གསུམ་གྱིས་གྲུབ་ཅིང་། ནང་དུ་ཐང་ག་དང་ཆོས་དཔེ་སོགས་འབར་སླ་བའི་རིག་དངོས་མང་པོ་ཡོད་པ་དང་། མེ་ཟོན་གྱི་བར་ཐག་འོས་འཚམ་མེད་ཁར། དད་ལྡན་པས་ལག་ཏུ་མཆོད་མེ་འཁྱེར་ནས་མཆོད་མཇལ་ཞུ་བའི་གོམས་གཤིས་ཡོད་པ་བཅས་ཀྱི་དབང་གིས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཅུང་མང་བ་དང་ལོ་རྒྱུས་ཐོག་དགོན་སྡེའི་མེ་སྐྱོན་མང་པོ་ཐོན་མྱོང་ཞེས་བཤད་པ་རེད།
         དགོན་སྡེ་ཁག་གི་མེ་ཟོན་རུ་ཆེན་བཙུགས་རྗེས་དགོན་སྡེའི་མེ་ཟོན་སྒྲིག་བཀོད་རིམ་བཞིན་འཐུས་ཚང་དུ་སོང་བ་དང་། ལྷ་ཁང་གི་མེ་ཟོན་ངོས་སྙོམས་དཔེ་རིས་བཟོས་པ་མ་ཟད། དགོན་སྡེ་ཁག་ལ་གྲྭ་བཙུན་གྱི་འོས་འགན་མེ་ཟོན་རུ་ཁག་༢༧༣འཛུགས་རོགས་བྱས་པ་དང་། བོད་ཀྱི་གནའ་བོའི་བཟོ་བཀོད་ཀྱི་མེ་གསོད་ལག་རྩལ་དང་སྒྲིག་ཆས་ཞིབ་བཟོ་བྱས་པས། བོད་ཀྱི་ཁྱད་ཆོས་ལྡན་པའི་དགོན་སྡེའི་མེ་ཟོན་མ་ལག་ཅིག་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།