འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དཀར་མཛེས་འདབ་པ་རྫོང་ཁྲིམས་ཁང་གིས་དྲ་རྒྱའི་ཐོག་ནས་ཉེས་དོན་གཏུག་གཤེར་གྱོད་
    དོན་གྱི་ཁྲིམས་རའི་འདྲི་གཅོད་ཐད་གཏོང་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 08:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚོགས་དང་སྤྱི་དམངས་ལ་ཁྲིམས་ཁང་འདྲི་གཅོད་ཀྱི་ལས་དོན་དྲིལ་བསྒྲགས་དང་། ཁྲིམས་འཛིན་གྱི་གནས་ཚུལ་ཡོངས་བསྒྲགས། འདྲི་གཅོད་ཁ་གསལ་བཅས་ཡོང་ཆེད་དང་། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་དྲ་དམངས་དང་། སྤྱི་དམངས། སྤྱི་ཚོགས་བཅས་ཀྱི་ལྟ་སྐུལ་དང་ལེན་བྱ་ཆེད། ཉེ་ཆར་འདབ་པ་རྫོང་མི་དམངས་ཁྲིམས་ཁང་གིས་ཤིན་རླངས་དཔོད་ཕྲན་གྱི་ཐོག་ནས་ཉེས་དོན་གཏུག་གཤེར་གྱོད་དོན་ཞིག་གི་ཁྲིམས་རའི་འདྲི་གཅོད་གནས་ཚུལ་དྲ་རྒྱའི་ཐོག་ནས་ཐད་གཏོང་བྱས་པ་རེད།
         དྲ་རྒྱའི་ཐོག་ནས་ཐད་གཏོང་བྱས་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ཀྱིས་ཡུལ་གྱི་བཀག་རྒྱ་ལས་གྲོལ་ཏེ། གློག་ཀླད་དང་ལག་ཐོགས་ཁ་པར་སོགས་འཕྲིན་སྦྲེལ་དྲ་བའི་མཐའ་སྣེའི་སྒྲིག་ཆས་ནས་འདབ་པ་རྫོང་ཁྲིམས་ཁང་གི་དཔོད་ཕྲན་ལ་བལྟས་ན། ཁྲིམས་རའི་འདྲི་གཅོད་ཀྱི་གནས་ཚུལ་ཤེས་ཐུབ། བྱེད་ཐབས་དེ་རིགས་སྤྱད་པ་དེས་སྤྱིར་བཏང་མང་ཚོགས་ཀྱིས་ཁྲིམས་འཛིན་གྱི་བརྒྱུད་རིམ་ཤེས་རྟོགས་དང་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་ཐུབ་པ་མ་ཟད། ཁྲིམས་ཁང་འདྲི་གཅོད་ཀྱི་ཡོངས་བསྒྲགས་ལས་དོན་མཐོ་རུ་གཏོང་རྒྱུ་དང་ཁྲིམས་ཁང་ལས་དོན་ལ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཐུབ། ཤེས་རྟོགས་བྱུང་བར་གཞིགས་ན། འདབ་པ་རྫོང་ཁྲིམས་ཁང་གིས་གོམ་སྟབས་རྗེས་མར་ཁྲིམས་རའི་འདྲི་གཅོད་ཀྱི་གནས་ཚུལ་དྲ་རྒྱའི་ཐོག་ནས་ཐད་གཏོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། དཔེ་མཚོན་གྱི་གྱོད་གཞི་ཁ་ཤས་ཐད་གཏོང་བྱས་ནས་དྲ་རྒྱའི་ཐོག་ནས་ཁྲིམས་རའི་འདྲི་གཅོད་ཐད་གཏོང་བྱ་རྒྱུ་དེ་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་རྒྱུ་མ་ཟད། སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ། འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཆོད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།