འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    གངས་ལྗོངས་ས་མཐོའི “འབྱོར་འབྲིང་གྲོང་ཚོ”

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    གངས་ལྗོངས་ས་མཐོའི “འབྱོར་འབྲིང་གྲོང་ཚོ”
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་སྣང་རྫོང་འཁྲུངས་ཁང་གྲོང་ཚོར་གྲོང་མི་དུད་ཚང་62དང་རྒྱུན་སྡོད་མི་གྲངས་258ཡོད་པ་རེད། ཉེ་ལམ་ལོ་ཤས་རིང་དེ་ཁུལ་གྱི་སྲིད་གཞུང་དང་ཁ་གཏད་བོད་སྐྱོར་ཚན་པ་ཕུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་འཁྲུངས་ཁང་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ནགས་ཤིང་འདེབས་པ་སོགས་ཀྱི་ཐོན་ལས་གོང་འཕེལ་གྱིས“དཔེ་སྟོན་འབྱོར་འབྲིང་གྲོང་ཚོ”འཛུགས་སྐྲུན་ཤུགས་ཆེན་བྱས་པ་རེད།
         ད་སྐབས་འཁྲུངས་ཁང་གྲོང་ཚོའི་དུད་ཚང་ཚང་མས་སྒོ་ར་ཡོད་པའི་བོད་བཟོའི་སྡོད་ཁང་བསྐྲུན་པས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་པ་དང་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་མ་ཟད། ཐོན་སྐྱེད་ཀྱང་གོང་འཕེལ་ཆེན་པོ་ཕྱིན་ཡོད་པ་དང་། 2013ལོར་འཁྲུངས་ཁང་གྲོང་ཚོའི་གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་7800ཟིན་ཡོད་པ་རེད། འདི་ནི་ལས་ཀ་ཚར་རྗེས་ཀྱི་འཁྲུངས་ཁང་གྲོང་ཚོའི་གྲོང་མི་རྣམས་ངལ་གསོ་བྱེད་པའི་སྐབས་ཡིན།
    གངས་ལྗོངས་ས་མཐོའི “འབྱོར་འབྲིང་གྲོང་ཚོ”
      

    ཕྱོགས་བསྡུས་གསར་འགྱུར།