འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གིས་འགོ་ཁྲིད་བྱ་རྒྱུ་ཁྲིམས་ལྟར་རྒྱལ་སྐྱོང་གི་བྱ་རིམ་ཧྲིལ་པོར་མཐའ་འཁྱོངས་བྱ་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་སྤེལ་གཏོང་བར་དང་ཐོག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བྱ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་འགག་ཆེ་བ་ནི་ཆབ་སྲིད་ཀྱི་འགན་སྲུང་སྟོབས་ལྡན་ཡོད་དགོས། 
         ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ཆེས་ཆེ་ལྡན་པའི་ཁྱད་རྟགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ཆེས་རྩ་བར་གྱུར་པའི་འགན་ལེན་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་རྩ་བའི་བཅའ་ཁྲིམས་ཀྱི་ཐོག་ནས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་བྱས་ཏེ་ཐོབ་པའི་གྲུབ་འབྲས་མཚོན་པ་དང་། ལོ་རྒྱུས་དང་མི་དམངས་ཀྱིས་གདམ་ག་བྱས་པ་ལས་གྱུར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་བརྟན་པོར་བཙུགས་པ་རེད། ཏང་གི་འགོ་ཁྲིད་འོག་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་སྐྱོང་ནན་ཏན་བྱས་ན། མི་དམངས་ཀྱི་རང་ཁྱིམ་རང་བདག་གཞི་ནས་མངོན་འགྱུར་གང་ལེགས་ཡོང་བར་བྱེད་ཐུབ་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཚོ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་གཞི་ནས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་ཐུབ། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་གཅིག་གྱུར་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་དགོས་པ་དང་། ཏང་གིས་འགོ་ཁྲིད་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་བཅས་ཕན་ཚུན་གཅིག་གྱུར་བྱ་རྒྱུ་ནི་རང་རྒྱལ་གྱི་ཁྲིམས་སྐྱོང་དང་ནུབ་ཕྱོགས་ཀྱིས་བཤད་པའི་༼ཁྲིམས་སྲིད་༽བར་གྱི་རྩ་བའི་ཁྱད་པར་རེད།
      

    ཕྱོགས་བསྡུས་གསར་འགྱུར།