འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་པེ་ཅིང་བར་གྱི་ཐད་གཏོང་མཁའ་ལམ་
    གསར་པ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་ཟླ་10ཚེས་26ཉིན་ནས་བཟུང་2014ལོའི་དགུན་དཔྱིད་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཤིང་། དེ་ནས་བཟུང་ལྷ་ས་ནས་པེ་ཅིང་བར་གྱི་ཐད་གཏོང་མཁའ་ལམ་གསར་པ་ཤར་གཏོང་བྱེད་པ་དང་ཆབས་ཅིག་ཁྲེང་ཏུའུ་ནས་སན་ཡཱ་བར་གྱི་མཁའ་ལམ་ཡང་སླར་གསོ་བྱེད་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་པེ་ཅིང་བར་གྱི་ཐད་གཏོང་མཁའ་ལམ་ནི་བོད་ལྗོངས་མཁའ་འགྲུལ་ཀུང་སིས་འདི་ལོར་ལྷ་ས་—དབྱིང་ཁྲོན་—པེ་ཅིང་བར་གྱི་མཁའ་ལམ་ཤར་གཏོང་བྱས་པའི་རྨང་གཞིའི་ཐོག་གསར་དུ་བཏོད་པའི་ཐད་གཏོང་མཁའ་ལམ་ཞིག་ཡིན་ལ་འཕུར་ཐེངས་གཅིག་ལ་ཆུ་ཚོད་བཞི་གཡས་གཡོན་དགོས་ཀྱི་ཡོད། དེ་སྔོན་གྱི་དབྱིང་ཁྲོན་བརྒྱུད་དེ་འཕུར་བ་དང་བསྡུར་ན་ཆུ་ཚོད་གཉིས་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།