འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་པེ་ཅིང་
    དུ་དྲ་རྒྱའི་བར་སྟོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་བྱ་རྒྱུའི་སྐོར་བཞུགས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་རྒྱལ་ཡོངས་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་པེ་ཅིང་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་དྲ་རྒྱའི་བར་སྟོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་སྤེལ་ཇི་ལྟར་གཏོང་རྒྱུར་ཞིབ་འཇུག་གྲོས་བསྡུར་བྱ་རྒྱུའི་སྐོར་བཞུགས་མོལ་གནང་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ཀྲུང་དབྱང་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་གི་ཀྲུའུ་རེན། རྒྱལ་ཁབདྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལུའུ་ཝེ་ཡིས་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་དོན་འཁྱོལ་མཐར་ཕྱིན་ནན་ཏན་བྱས་ཏེ་ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་། ཁྲིམས་ལྟར་དྲ་རྒྱ་གཉེར་སྐྱོང་། ཁྲིམས་ལྟར་དྲ་འཇུག་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 
          ཚོགས་འདུར་ཞུགས་མཁན་རྣམས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བའི་༼ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་༽ནི་དུས་སྐབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་སྤེལ་བཏང་ནས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུའི་རྩ་འཛིན་གྱི་རང་བཞིན་ལྡན་པའི་ཡིག་ཆ་ཡིན་ཞིང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་ངོས་འཛིན་གཅིག་གྱུར་བྱས་པ་དང་། ཚོགས་འདུར་ཞུགས་མཁན་རྣམས་ཀྱིས་དྲ་རྒྱའི་བར་སྟོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་བྱ་རྒྱུའི་སྐོར་བྱ་ཐབས་དང་གྲོས་འགོ་རབ་དང་རིམ་པ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།