འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༤ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ཉིན་བདུན་རིང་ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་
    མི་ཐེངས་ཁྲི་༡༤༠.༨༨སྣེ་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་04ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ༢༠༡༤ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་སྤྱི་ཟླ་༨ཚེས་༣༡ཉིན་མཇུག་བསྒྲིལ་ཞིང་། བསྡོམས་རྩིས་རག་ཙམ་བྱས་པ་ལྟར་ན། མིག་སྔའི་བར་དུ་འདི་ལོའི་ཞོ་སྟོན་དུས་ཆེན་རིང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་༡༤༠.༨༨སྣེ་ལེན་བྱས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་༡༦.༠༨%འཕར་ཡོད་ལ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་༣.༧༨ཐོབ་པ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་༣༢.༡༦%འཕར་ཡོད་པ་རེད། ཐེངས་འདིའི་ཞོ་སྟོན་དུས་ཆེན་སྐབས་སྤེལ་བའི་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ལས་གཞི་༨༦གི་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་༤༦༦.༦༥༡ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།