འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་འདི་ལོ་སློབ་རོགས་དངུལ་བུན་སྒོར་དུང་ཕྱུར་
    ༡༤༠ཁ་སྣོན་བྱས་ནས་སློབ་མ་ས་ཡ་གཉིས་དང་ལྔ་འབུམ་ལ་ཕན་པ་བསྐྲུན་རྒྱུ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་04ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སློབ་འགོ་ཚུགས་སྐབས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་སྤྱི་ཚེས་༣ཉིན། སྔོན་དཔག་བྱས་ན་འདི་ལོ་སློབ་རོགས་དངུལ་བུན་གཤམ་སྤྲོད་བྱ་རྒྱུ་དེ་སྒོར་དུང་ཕྱུར་༡༤༠ཁ་སྣོན་བྱ་རྒྱུ་དང་། དངུལ་བུན་གན་རྒྱ་ས་ཡ་གཉིས་དང་ལྔ་འབུམ་ཁ་སྣོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
        འདི་ལོའི་སློབ་རོགས་དངུལ་བུན་བདག་སྤྲོད་ལས་དོན་ལེགས་གྲུབ་ཟིན་རྗེས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་རིམ་རྩིས་བྱས་ན་རྒྱབ་སྐྱོར་བྱེད་པའི་སློབ་མའི་གྲངས་འབོར་སྔོན་དཔག་བྱས་ན་མིའི་ཐེངས་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་ཟིན་རྒྱུ་ཡིན་པ་རེད།
        རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནི་མིག་སྔར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཏོང་མཁན་དངུལ་ཁང་གཙོ་བོ་དེ་ཡིན་པ་དང་། སྤྱི་ལོ་༢༠༠༤ལོ་ནས་བཟུང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་སློབ་མའི་ཐེམ་ཐོ་ཡོད་སའི་ས་གནས་ཀྱི་སློབ་རོགས་དངུལ་བུན་ལས་སྒོ་རིམ་བཞིན་གོང་འཕེལ་བཏང་ཡོད། བདག་སྤྲོད་ལམ་བུ་ཤར་གཏོང་ཐུབ་རྒྱུར་འགན་སྲུང་བྱེད་ཆེད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་95593གྱི་ཁ་པར་ལྟེ་གནས་འཛུགས་པ་དང་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱབ་ཡོད་པ་དང་། སློབ་གསོ་ཚན་པ་དང་མཉམ་འབྲེལ་ཐོག་བློ་འདྲིའི་ཁ་པར་བཙུགས་པ། QQཚོགས་པ་དང་འཕྲིན་ཕྲན་ཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གཞི་རིམ་གྱི་དགེ་རྒན་ལྔ་སྟོང་ལྷག་དང་ཐད་ཀར་འབྲེལ་བ་བྱས་ཡོད་པ་རེད།
        གཞན་ཡང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་འདི་ལོ་ད་དུང་གནོད་འཚེ་ཕོག་ཁུལ་ལ་དོ་ཁུར་དམ་ཟབ་བྱས་ནས། ཡུན་ནན་དང་། ཧའེ་ནན། ཀོང་ཏུང་སོགས་ས་ཡོམ་མམ་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཁུལ་གྱི་སློབ་མར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤར་གཏོང་ལམ་བུ་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་མས་སློབ་རོགས་དངུལ་བུན་ཁྱེར་ནས་བློ་བདེ་པོའི་ངང་སློབ་གྲྭར་འགྲོ་ཐུབ་པ་བྱས་ཡོད་པ་རེད།
        རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་མུ་མཐུད་སློབ་གསོ་ཚན་པ་དང་མཐུན་སྦྱོར་གང་ལེགས་བྱས་ཏེ་སྤྱི་ལོ་༢༠༡༤ལོའི་ལོ་འཁོར་མོའི་སློབ་རོགས་དངུལ་བུན་གཤམ་སྤྲོད་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། སློབ་རོགས་དངུལ་བུན་གྱི་དམངས་འཚོའི་ལས་གཞི་དེའི་ཕན་པ་ཐོབ་མཁན་དེ་བས་མང་དུ་བཏང་ནས། སློབ་མ་གཅིག་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་རྐྱེན་གྱིས་སློབ་གྲྭར་འགྲོ་མ་ཐུབ་པ་མེད་པ་བྱ་རྒྱུའི་ཁས་ལེན་དོན་འཁྱོལ་བྱ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།