འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་5ཉིན།
  • མི་དམངས་དྲ་བ།>>སྲིད་དོན།

    ༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱིས་
    བཞུགས་མོལ་ཚོགས་འདུ་འཚོགས་ཏེ་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་
    ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༦༩འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་04ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱིས་
བཞུགས་མོལ་ཚོགས་འདུ་འཚོགས་ཏེ་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་
ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༦༩འཁོར་བར་དྲན་གསོ་ཞུས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༣ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༦༩འཁོར་བར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དྲན་གསོའི་ཚོགས་འདུའི་ཐོག་ལོ་རྒྱུས་ནི་ཡང་བསྐྱར་བྱེད་ཐབས་བྲལ་ཞིང་། མ་འོངས་པ་གསར་གཏོད་བྱས་ཆོག  ལོ་རྒྱུས་འགོ་རྩོམ་ས་གསར་པའི་ཐོག་ལངས་ཏེ་ང་ཚོས་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པར་དྲན་གསོ་ཞུ་བའི་རྒྱུ་མཚན་ནི་སེམས་ལ་ལོ་རྒྱུས་རྡོ་ལ་རི་མོ་བརྐོས་པ་ལྟར་ངེས་ཏེ་འབྱུང་འགྱུར་ལ་དྲན་སྐུལ་བཏང་སྟེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཁུར་དུ་ལེན་པའི་སྐུལ་སློང་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྔར་ལས་སྙིང་སྟོབས་ཆེ་སྐྱེད་ཀྱིས་བྱས་རྗེས་འཇོག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་སྐུལ་སློང་བྱེད་པ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱིས་རི་འགོག་དམག་འཁྲུག་བྱེད་པའི་རླབས་ཆེ་བའི་འཐབ་རིམ་ནང་རི་འགོག་དམག་འཐབ་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་བསྐྱེད་ཅིང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ཡོངས་ལ་རྒྱལ་ཁབ་དར་རྒུད་ཇི་ཡོང་དེ། སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པའི་རྒྱལ་གཅེས་བརྩེ་སེམས་དང་། རང་སྲོག་གཏོང་བར་ངང་པ་པད་མཚོར་འཇུག་པ་ལྟར་སྣང་བ་དང་ཤི་ཡང་མགོ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ། གཏུམ་བཙན་ལ་མི་སྐྲག་པར་དམར་འཛིང་མཐའ་འཁྱོལ་བར་བྱེད་པའི་དཔའ་བོའི་བརྗིད་ཉམས། ཐེངས་མང་ཕམ་རུང་དཔའ་མི་ཞུམ་པ་དང་གཞོམ་གཞིག་མེད་པ་རྡོ་རྗེ་བྲག་ལྟར་བརྟན་པའི་རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་བཅས་གསལ་པོར་བསྟན་ཡོད། རི་འགོག་དམག་འཐབ་ཀྱི་རླབས་ཆེན་སྙིང་སྟོབས་ནི་ཀྲུང་གོའི་མི་དམངས་ཀྱི་བླ་ན་མེད་པའི་བསམ་པའི་ཕུགས་ནོར་ཡིན་པ་དང་། དུས་ནམ་ཡང་ཀྲུང་གོའི་མི་དམངས་ཀྱིས་དཀའ་ཉེན་ཡོད་ཚད་ཁྱད་བསད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཡིན་ཞེས་ནན་བཤད་གནང་བ་རེད།

      

    ཕྱོགས་བསྡུས་གསར་འགྱུར།