འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་གི་འཚེམ་དྲུབ་ཕྱི་རྒྱལ་དུ་བྲིན་ཚོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་04ཉིན། 08:11】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་གིས་འཚེམ་དྲུབ་ཐོན་ཟོག་སྔ་རྗེས་སུ་པེ་ཅིང་དང་། ལྷ་ས། ཀོང་ཀྲོའུ་གྲོང་ཁྱེར་སོགས་སུ་བཏོན་པ་དང་། དེ་བཞིན་༼མཐུན་པ་སྤུན་བཞི་༽དང་༼ཨ་མདོའི་རྒྱན་གོས་༽སོགས་ཕུལ་བྱུང་འཚེམ་དྲུབ་ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། འཇར་པན། ཁེན་ནི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་བྲིན་ཚོང་བྱས་པར་བརྟེན་རིམ་རྩིས་བྱས་ན་ཡོང་འབབ་ཨ་སྒོར་ཁྲི་༣༢.༨ཐོབ་ཡོད་པ་རེད།
         བོད་ཀྱི་འཚེམ་དྲུབ་ནི་བོད་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་གྲས་ཤིག་ཡིན་པ་དང་ད་བར་ལོ་ངོ་༢༠༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན། འཚེམ་དྲུབ་ཐོན་ལས་སྟོབས་ཆེར་གཏོང་ཆེད། ཉེ་བའི་ལོ་ཤས་རིང་མང་རྫོང་གིས་འཚེམ་ལ་མཁས་པའི་དམངས་ཁྲོད་ཀྱི་འཚེམ་དྲུབ་མི་སྣ་༢༦༠༠ལྷག་ཙམ་སུའུ་ཀྲོའུ་གྲོང་ཁྱེར་དང་ཧུའུ་ནན་གྲོང་ཁྱེར་དུ་མངགས་ནས་སུའུ་ཀྲོའུ་ཡི་འཚེམ་དྲུབ་དང་ཧུའུ་ནན་གྱི་འཚེམ་དྲུབ་བཟོ་རྩལ་སྦྱངས་ཏེ་བོད་རིགས་ཀྱི་སྲོལ་རྒྱུན་འཚེམ་དྲུབ་ལག་རྩལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པར་བརྟེན་ཐུན་མིན་གྱི་མང་རྫོང་གི་བོད་རིགས་འཚེམ་དྲུབ་ཀྱི་ཁྱད་ཆོས་ཤིག་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།