འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་
    བའི་གྱོད་གཞི་ཁག་༣༠བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་03ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་ཁག་༣༠བརྡ་ཁྱབ་བཏང་ཡོད་པ་རེད། གཙོ་གནད་ཐོག་བཅོས་སྒྲིག་བྱེད་པའི་གཞུང་དངུལ་བཏང་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པ་དང་། རྒྱས་སྤྲོས་དང་འཕྲོ་བརླག་གཏོང་བ་སོགས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་ཕུད། ད་དུང་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པ་དང་། སྤྱོད་ཚུལ་ཡག་པོ་མེད་པའི་གནད་དོན་གཉིས་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད། དེའི་ཁྲོད་ཆབ་མདོ་ས་ཁུལ་རྒྱང་མདའ་རྫོང་གི་མི་བཞིས་རང་མཚམས་ཀྱིས་ལས་གནས་མི་སྲུང་བ་དང་། ལས་ཀར་མི་འགྲོ་བ། གུང་གསེང་རྫོགས་ཀྱང་ལས་ཀར་མི་སླེབས་པ་བཅས་ཀྱི་རྐྱེན་པས་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་ཡོད་པ་རེད།
        ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་སླེབས་གྲབས་ཡོད་པས། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ཡོད་པ་དང་། འགོ་ཁྲིད་ལས་བྱེད་པས་གཞུང་དངུལ་བཏང་ནས་ཟླ་མཆོད་བག་ལེབ་དང་། དངོས་པོ་ཉོ་བའི་ཁ་ཤོག་སོགས་ལག་རྟགས་ཉོ་བ་དང་སྤྲོད་མི་ཆོག་པ་དང་། སྣེ་ལེན་ཁང་དང་། ལུས་གསོ་ཁང་སོགས་སུ་སྒྲིག་སྲོལ་ལས་འགལ་ནས་རྒྱས་བཟའ་རྒྱས་འཐུང་བྱེད་མི་ཆོག་པ། མིང་སྣ་ཚོགས་ཀྱི་ཐོག་ནས་གཞུང་དངུལ་བཏང་ནས་ཡུལ་སྐོར་ལ་འགྲོ་བ་དང་། མཛད་སྤྱོད་མཐོ་བའི་ལུས་སྦྱོང་བྱེད་པ། རོལ་རྩེད་བྱེད་སྒོ་སོགས་སྒྲིག་འཛུགས་བྱེད་པའམ་ཞུགས་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
        བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ད་དུང་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ནས། བཀའ་རྒྱ་ལག་བསྟར་མི་བྱེད་པ་དང་། བཀག་འགོག་མཐའ་གཅིག་ཏུ་མི་བྱེད་པ་བཅས་ཀྱི་གནས་ཚུལ་ཐོན་ཕྱིན་ཡོད་ཚད་ཐག་གཅོད་བྱེད་པ་དང་། མིང་འདོན་བྱས་བརྡ་ཁྱབ་གཏོང་བ། ལྷོད་གཡེང་དང་གུ་ཡངས་གཏན་ནས་མི་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།