མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་28ཉིན། 10:27】  

ཟླ་9ཚེས་25དང་ཚེས་26ཉིན། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་9ཚེས་25དང་ཚེས་26ཉིན། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནན་བཤད་གནང་དོན།
           ཁྲིམས་བཞིན་ཤིན་ཅང་བཅོས་སྐྱོང་དང་། མཐུན་སྒྲིལ་ལ་བརྟེན་ནས་ཤིན་ཅང་བརྟན་ལྷིང་ཡོང་བ། རིག་གནས་ལ་བརྟེན་ནས་
             ཤིན་ཅང་སྐྱོང་བ། དམངས་ཕྱུག་ལ་བརྟེན་ནས་ཤིན་ཅང་དར་རྒྱས། ཡུན་རིང་ཤིན་ཅང་འཛུགས་སྐྲུན་བཅས་བྱས་ཏེ་དུས་
                རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
                     ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཕེབས་པ། 
                                                           དབང་དབྱང་གིས་གསུང་བཤད་གནང་བ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤིན་སྐྱོང་གི་ཆོས་ཉིད་ངོས་འཛིན་དང་ཁོང་དུ་ཆུད་པ་དང་། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆགས་པར་བྱས་ནས། འཐབ་ཇུས་ཀྱི་ཐོག་ནས་ཤིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱེད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་ཤིན་ཅང་གི་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་བརྩི་རྒྱུ་མཐའ་འཁྱོངས། མི་སེམས་གཅིག་ཏུ་སྒྲིལ་རྒྱུ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་སྐྱེད་སྲིང་བྱེད་རྒྱུ་མཐའ་འཁྱོངས། དམངས་འཚོ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཏང་གིས་ཤིན་ཅང་གི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་རྦད་དེ་ཡང་དག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་བརྩིས་ནས། ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པའི་ཐད་ཤུགས་བརྒྱབ་སྟེ་ཤིན་ཅང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་25དང་ཚེས་26ཉིན། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཤིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པར། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་འཛིན་ནན་པོ་བྱས་ཏེ་ཁྲིམས་བཞིན་ཤིན་ཅང་བཅོས་སྐྱོང་དང་། མཐུན་སྒྲིལ་ལ་བརྟེན་ནས་ཤིན་ཅང་བརྟན་ལྷིང་ཡོང་བ། རིག་གནས་ལ་བརྟེན་ནས་ཤིན་ཅང་སྐྱོང་བ། དམངས་ཕྱུག་ལ་བརྟེན་ནས་ཤིན་ཅང་དར་རྒྱས། ཡུན་རིང་ཤིན་ཅང་འཛུགས་སྐྲུན་བཅས་བྱས་ཏེ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་འགན་ལེན་དུ་བྱེད་པ་དང་། ཕུགས་ཀྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ། མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན། སྣོད་བཅུད་བཟང་བ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ། དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། ཕྱོགས་གང་ཅིའི་ཐད་ནས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཤིན་ཅང་གི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཐད་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གཅིག་ནི་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། 2014ལོ་ནས་2019ལོ་བར། ཤིན་ཅང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་9195.9ནས་སྒོར་དུང་ཕྱུར་13597.1བར་འཕར་ཏེ་ལོ་རེར་ཆ་སྙོམས་7.2%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1282.3ནས་སྒོར་དུང་ཕྱུར་1577.6བར་འཕར་ཏེ་ལོ་རེར་ཆ་སྙོམས་5.7%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ས་ཁུལ་དང་། ཀྲོའུ། གྲོང་ཁྱེར་བཅས་ཚང་མ་མྱུར་བགྲོད་གཞུང་ལམ་གྱི་དུས་རབས་སུ་སླེབས་ཡོད། གཉིས་ནི་མི་དམངས་ཀྱི་འཚོ་བ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཞིང་། 2014ལོ་ནས་2019ལོ་བར་ཤིན་ཅང་གི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་9.1%འཕར་ཡོད། གྲོང་གསེབ་ཀྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཁྲི་169ལྷག་ཙམ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཁྲི་156ལྷག་ཙམ་བསྐྲུན་ནས། མང་ཚོགས་ཁྲི་1000ལྷག་ཙམ་སྡོད་ཁང་གསར་པར་སྤོས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ། དམངས་ཡོངས་ལ་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འགྱུར་ཚད་ཆ་སྙོམས་100%ཟིན་པ། གྲོང་མི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་99.7%ཟིན་ཡོད། གསུམ་ནི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། 2014ལོར། ཤིན་ཅང་དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་ཁྲི་77.9ཡི་མི་ཁྲི་308.9དང་། གྲོང་ཚོ་དབུལ་པོ་3666 རྫོང་དབུལ་པོ་32བཅས་ཡོད། 2019ལོའི་བར། ཤིན་ཅང་ཡོངས་སུ་རིམ་རྩིས་ལྟར་ན། མི་ཁྲི་292.32དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་3107དབུལ་གྲལ་ནས་འདོན་པ། རྫོང་དབུལ་པོ་22དབུལ་ཞྭ་འཕུད་པ་བཅས་བྱུང་ནས་དབུལ་པོར་འགྱུར་ཚད་2014ལོའི་19.4%ནས་1.24%བར་ཆག་ཡོད། དེའི་ནང་ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཀྲོའུ་བཞིར་རིམ་རྩིས་ལྟར་ན་མི་ཁྲི་251.16དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་2683དབུལ་གྲལ་ནས་འདོན་པ། རྫོང་དབུལ་པོ་16དབུལ་ཞྭ་འཕུད་པ་བཅས་བྱུང་ནས་དབུལ་པོར་འགྱུར་ཚད་2014ལོའི་29.1%ནས་2.21%བར་ཆག་ཡོད། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་དང་། ཁྱིམ་ཚང་དབུལ་པོའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་བྱིས་པ་དབུལ་བའི་རྐྱེན་པས་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་མེད་པ་མངོན་འགྱུར་བྱུང་བ། མི་འབོར་དབུལ་པོ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་ནང་ཞུགས་ཚད་ཆ་སྙོམས་100%ཟིན་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་བཅས་བྱུང་ནས་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། བཞི་ནི་ཀྲུང་དབྱང་གི་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱི་ཁ་གཏད་ཤིན་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། 2014ལོ་ནས་2019ལོ་བར། ཀྲུང་དབྱང་ནོར་སྲིད་ཀྱིས་ཤིན་ཅང་རང་སྐྱོང་ལྗོངས་དང་པིང་ཐོན་ལ་གཏོང་སྤྲོད་སྤོ་སྒྱུར་བྱེད་ཚད་སྒོར་དུང་ཕྱུར་2636.9ནས་སྒོར་དུང་ཕྱུར་4224.8བར་འཕར་ནས། ལོ་རེར་ཆ་སྙོམས་10.4%འཕར་བ་དང་། ལོ་6རིང་ཁྱོན་བསྡོམས་ཤིན་ཅང་ལ་སྒོར་དུང་ཕྱུར་ཁྲི་2ལྷག་ཙམ་རྒྱབ་སྐྱོར་བྱས་ཡོད། ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་19ཡིས་ཕྱོགས་ཡོངས་ནས་ཕྱོགས་ཁག་ཚང་མར་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། རིམ་རྩིས་ལྟར་ན་ཤིན་ཅང(པིང་ཐོན་ཚུད)ཤིན་སྐྱོར་མ་དངུལ་སྒོར་དུང་ཕྱུར་964བཏང་ནས་ཤིན་སྐྱོར་རྣམ་གྲངས་ཁྲི་1ལྷག་ཙམ་ལག་ལེན་བསྟར་བ་དང་། ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་ནང་འདྲེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར་16840དམིགས་སར་འབྱོར་བ་དང་འབྲེལ། ཀྲུང་དབྱང་ཁེ་ལས་ཀྱིས་མ་འཇོག་སྒོར་དུང་ཕྱུར་7000ལྷག་ཙམ་ཟིན་ཡོད། སྤྱིའི་ཆ་ནས་བལྟས་ན། ཤིན་ཅང་དུ་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་ཐོན་ནས་ཡུན་རིང་བདེ་འཁོད་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། དོན་དངོས་ཐོག་ནས་ར་འཕྲོད་གང་ལེགས་ཐུབ་པར་རང་རྒྱལ་གྱི་མི་རིགས་ལས་དོན་སྒྲུབ་པ་དེ་དག་ལེགས་གྲུབ་ལྡན་པ་ཞིག་རེད། གྲུབ་འབྲས་འདི་དག་ཐོབ་དོན་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ཤིན་ཅང་གི་མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་2500ལྷག་ཙམ་གྱི་བློ་གྲོས་དང་རྔུལ་ཆུ་ཡང་འདུས་ཡོད་ཅེས་བསྟན་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས། ཤིན་ཅང་གི་ལས་དོན་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་འཐབ་ཕྱོགས་ཁག་གི་བློ་མཐུན་རྣམས་དང་། ཤིན་ཅང་མི་རིགས་ཁག་གི་མང་ཚོགས། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དཀའ་སྤྱད་ལས་ཀ་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤིན་སྐྱོང་གི་ཆོས་ཉིད་ངོས་འཛིན་དང་ཁོང་དུ་ཆུད་པ་དང་། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆགས་པར་བྱས་ནས། འཐབ་ཇུས་ཀྱི་ཐོག་ནས་ཤིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱེད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་ཤིན་ཅང་གི་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་བརྩི་རྒྱུ་མཐའ་འཁྱོངས། མི་སེམས་གཅིག་ཏུ་སྒྲིལ་རྒྱུ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་སྐྱེད་སྲིང་བྱེད་རྒྱུ་མཐའ་འཁྱོངས། དམངས་འཚོ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཏང་གིས་ཤིན་ཅང་གི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་རྦད་དེ་ཡང་དག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་བརྩིས་ནས། ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པའི་ཐད་ཤུགས་བརྒྱབ་སྟེ་ཤིན་ཅང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཤིན་ཅང་གི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་པར། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་བཏང་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་བླང་བྱ་ཤིན་ཅང་གི་ལས་ཀའི་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་ཐུབ་པ་བྱེད་དགོས། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྤྱི་ཚོགས་ཀྱིས་མཉམ་སྒྲུབ། མང་ཚོགས་ཞུགས་པ། ཁྲིམས་སྐྱོང་འགན་ལེན་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་ཁྱོན་ཡོངས་ནས་ཆགས་པར་བྱས་ཏེ། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གཏོད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཤིན་ཅང་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཡིན་པ་དང་། ཤིན་ཅང་གི་མི་རིགས་ཁག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཤ་རུས་གཅིག་འདྲེས་ཀྱི་ཁྱིམ་མི་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་གནས་སྟངས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་སློབ་གསོ་ཤིན་ཅང་གི་ལས་བྱེད་པའི་སློབ་གསོ་དང་། གཞོན་ནུ་ལོ་ཆུང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ནང་བཅུག་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་རྩ་བ་སེམས་གཏིང་དུ་ཟུག་པར་བྱེད་དགོས། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཤིན་ཅང་གི་དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་གཏིང་ཟབ་ངང་ཡག་པོ་བསྒྲུབས་ནས་རིག་གནས་ལ་བརྟེན་ནས་ཤིན་ཅང་སྐྱོང་བའི་ལས་དོན་གཏིང་ཟབ་སྤེལ་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ནི་ཤིན་ཅང་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་། ཤིན་ཅང་གི་ས་བབ་ལེགས་ཆ་འདོན་སྤེལ་བྱས་ནས་དར་གོས་ལམ་བུའི་དཔལ་འབྱོར་ལྟེ་བའི་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་ཤིན་ཅང་རང་ངོས་ཀྱི་ས་ཁོངས་རང་བཞིན་གྱི་སྒོ་དབྱེའི་འཐབ་ཇུས་དེ་རྒྱལ་ཁབ་ཀྱིས་ནུབ་ལ་སྒོ་མོ་འབྱེད་པའི་སྤྱིའི་བཀོད་ཇུས་ནང་བཅུག་ནས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་རིམ་པ་མཐོ་རུ་གཏོང་བ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་གཏོད་བཅས་བྱས་ཏེ། སྐམ་སའི་དབུས་ཁུལ་སྒོ་འབྱེད་དང་མཐའ་རྒྱུད་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། བཟོ་ལས་ཀྱི་རྨང་གཞི་བརྟན་གཏོང་དང་ཕན་འབྲས་ཆེར་གཏོང་དང་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཤིན་ཅང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་དང་། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ། བྱེ་བཅོས་ཆུ་བཅོས་དང་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་གི་ལས་དོན་ལ་སྤྱི་འདོམས་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཤིན་ཅང་འདི་ཉིད་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ་བཅས་ཡོང་བ་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་གཉིས་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ལ་མུ་མཐུད་སྐུལ་འདེད་གཏོང་བ། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་གཙོ་གནད་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། དབུལ་སྒྲོལ་གྱི་རྗེས་ནུས་འཕེལ་རྒྱས་དང་རྒྱུན་མཐུད་འགན་ལེན་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ནས་ཐག་ཉེ་ས་དང་ས་གནས་དེ་གར་ལས་ཞུགས་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་ཟུང་འབྲེལ་དང་ནུས་ལྡན་མཐའ་འཁྱོངས་བྱེད་དགོས། ཤིན་ཅང་ལྷོ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རིམ་པ་མང་བ་དང་། ཕྱོགས་ཡོངས། ཕྱོགས་བསྡུས་བཅས་ཀྱི་སྒོ་ནས་ཤིན་ཅང་གི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བདེན་ཡོད་སྤོབས་ཆེའི་སྒོ་ནས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་གི་དུས་བབ་བཟང་པོ་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་འཚོ་བ་དྲིལ་བསྒྲགས་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཤིན་ཅང་གི་མི་རིགས་ཁག་ཚུད་པའི་ཀྲུང་ཧྭའི་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པ་འདི་རེད། རིམ་ཁག་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་དང་ཡང་ཡང་བསྡུར་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་སྦྱོང་བརྡར་མངོན་གསལ་དོད་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་དབྱེ་འབྱེད་བྱས་ཏེ་རིམ་པ་ཁག་གི་འགོ་ཁྲིད་ཀྱི་དབང་ཆ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ལས་བྱེད་པའི་ལག་ཏུ་དམ་པོར་འཛིན་པའི་འགན་ལེན་བྱེད་དགོས། གསོ་སྐྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། ཤིན་ཅང་གི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་གསོ་སྦྱོང་གི་འཆར་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་། སྲིད་ཇུས་སྟངས་འཛིན་གནད་འཁེལ། ལག་ལེན་གྱི་འཇོན་ཐང་ཆེ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་ལ་ལྷག་བསམ་རྣམ་དག་དང་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས། མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཁ་གསལ་བཟོས་ནས་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་འགན་འཁྲི་འཁུར་ཕོད་མཁན་གྱི་ཕུལ་བྱུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་ཡིད་ཆེས་གང་ལེགས་དང་། མཐུན་སྒྲིལ་ཡག་པོ། བློ་ཁོག་ཆེན་པོས་འདེམས་བསྐོ། བློ་འགེལ་བེད་སྤྱོད་བཅས་བྱས་ཏེ། བྱས་རྗེས་མངོན་གསལ་འཇོག་མཁན་ཐད་ཀར་གོ་གནས་སྤར་ནས་བཀོལ་སྤྱོད་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་ནི་ཡིད་ཆེས་ཆོག་པ་དང་འཐབ་ནུས་ལྡན་པ་ཞིག་རེད། ཁོ་ཚོར་ཆབ་སྲིད་ཐད་སྐུལ་ལྕག་དང་། ལས་དོན་ཐད་རྒྱབ་སྐྱོར། ཐོབ་ཐང་ཐད་འགན་ལེན། འཚོ་བའི་ཐད་དོ་ཁུར། སེམས་ཁམས་ཐད་དོ་ཁུར་བཅས་བྱས་ཏེ་ནུས་ལྡན་བྱེད་ཐབས་ཞིབ་འཇུག་བྱས་ནས་ཤིན་ཅང་གི་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་བརྟན་པོ་ཡོང་བར་བྱེད་དགོས། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཧུའུ་དབྱང་གི་སྙིང་སྟོབས་དང་པིང་ཐོན་གྱི་སྙིང་སྟོབས་ལག་ལེན་བསྟར་ནས་རིམ་ཁག་ལས་བྱེད་པས་དུས་རབས་གསར་པར་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་འབུལ་རྒྱུར་སྐུལ་ལྕག་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཤིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་ཡིན་པས། ངེས་པར་དུ་རྒྱལ་ཡོངས་བསམ་ཇུས་གཅིག་ལྟར་གྱི་བསམ་བློ་བརྟན་པོ་བཙུགས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་དང་། ཀྲུང་དབྱང་སྡེ་ཚན་གྱི་རྒྱབ་སྐྱོར་དང་མཛུབ་སྟོན། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རོགས་སྐྱོར་ལ་གཞོགས་འདེགས། ཤིན་ཅང་གི་གཙོ་ཤུགས་ནུས་པ་འདོན་སྤེལ་བཅས་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་དབྱང་གི་ཤིན་ཅང་ལས་དོན་མཐུན་སྦྱོར་ཚོགས་ཆུང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཤིན་ཅང་གི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་། སྲིད་ཇུས་ལ་ཞིབ་འཇུག མཐུན་སྦྱོར་མཛུབ་ཁྲིད། ཞིབ་བཤེར་ལྟ་སྐུལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་ལས་དོན་གྱི་བསམ་འཆར་འདོན་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་རང་ཁུར་དང་། གཞོགས་འདེགས་དམ་ཟབ། བརྟག་དཔྱད་ཞིབ་འཇུག་སློབ་སྟོན་གཏིང་ཟབ་བཅས་བྱས་ཏེ། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་དཀའ་ངལ་སེལ་རོགས་བྱེད་དགོས། ཤིན་ཅང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཐབ་ཕྱོགས་དང་པོར་ལངས་ནས་བྱེད་པོའི་འགན་འཁྲི་ཡག་པོ་ཁུར་ཏེ་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ནང་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཤིན་ཅང་དང་འབྲེལ་བ་ཡོད་པའི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས་ཤིན་ཅང་གི་བརྟན་ལྷིང་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཤིན་ཅང་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཤིན་ཅང་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་ཡུན་རིང་མཐའ་འཁྱོངས་བྱས་ཏེ་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་པིང་ཐོན་གྱི་སྒྲིག་འཛུགས་ལེགས་ཆ་དང་སྐུལ་སློང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དམིགས་བསལ་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།
     ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་ཤིན་ཅང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་ཤིན་ཅང་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་རྒྱས་བཤད་གཏིང་ཟབ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཤིན་ཅང་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། མཛད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱེད་ཐབས་བཅས་ཁ་གསལ་བཏོན་གནང་བ་མ་ཟད། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བར། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། འདི་ནི་དུས་རབས་གསར་པའི་ཤིན་ཅང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་བློ་ཟབ་མོ་བཏང་ནས་ལག་བསྟར་དོན་འཁྱོལ་བྱེད་ཐབས་ཞིབ་འཇུག་བྱེད་དགོས། བསམ་བློ་དང་བྱ་སྤྱོད་ཤིན་ཅང་གི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལས་འགན་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     དབང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཟབ་ལ་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད། འདི་ནི་དུས་རབས་གསར་པའི་ཤིན་ཅང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་ཤིན་ཅང་གི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་དྲང་སྲུང་གསར་གཏོད་དང་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། སྲོག་ཤིང་གི་ནང་དོན་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་དངོས་འབྲེལ་ཆུད་པར་བྱས་ནས་སློབ་སྦྱོང་གི་བརྒྱུད་རིམ་དེ་ངོས་འཛིན་མཐོར་གཏོང་དང་ལས་དོན་ལེགས་བཅོས་ཀྱི་བརྒྱུད་རིམ་ལ་འགྱུར་བར་བྱེད་དགོས། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ལ་གོ་བ་ཡང་དག་ལེན་པ་དང་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་དོན་དངོས་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཤིན་ཅང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཤིན་ཅང་གི་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་སྟངས་འཛིན་ནན་པོ་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་སྤྱད་ནས་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་གཏིང་ཟབ་པའི་གནད་དོན་ལ་ཤུགས་སྣོན་རྒྱག་དགོས། ཤིན་ཅང་དང་ཀྲུང་དབྱང་གི་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ཏེ། གཙོ་གནད་ལས་འགན་དོན་ཚན་རེ་རེ་བཞིན་ཞིབ་ཚགས་སུ་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་དངོས་ལས་དོན་གྱི་ཕན་འབྲས་ལ་འགྱུར་བར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས་དང་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"