མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་
བཤད་གནང་དོན། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་དམངས་ལ་ཇུས་འདྲི་བ་གཅིག་གྱུར་མཐའ་འཁྱོངས་ཀྱིས་
ཕྱར་བ་གྲུ་འདེགས་ངང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་08ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱ་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། ལོ་ལྔའི་འཆར་འགོད་བཟོ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་འབྲེལ་བ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཡང་འབྲེལ་བ་དམ་ཟབ་ཡོད། སྒོ་ཕྱེ་ནས་ཇུས་འདྲི་བ་དང་བློ་བསྡུས་དགེ་འཚོལ་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་དམངས་ལ་ཇུས་འདྲི་བ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་བྱེད་ཐབས་སྣ་ཚོགས་སྤྱད་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བར་ཐབས་འདོན་ཇུས་འབུལ་གྱི་སྐུལ་ལྕག་བྱས་ཏེ་སྤྱི་ཚོགས་ཀྱི་རེ་སྒུག་དང་། མང་ཚོགས་ཀྱི་བློ་གྲོས། རིགས་གཅིག་མཁས་ཅན་གྱི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་དོན་ཁྲོད་བསྡུ་ལེན་གང་ལེགས་བྱས་ཐོག་ཕྱར་བ་གྲུ་འདེགས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་བཟོ་དགོས།
    རང་རྒྱལ་གྱིས་2021ལོ་ནས་བཟུང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་འགོ་འཛུགས་རྒྱུ་ཡིན་ཞིང་། མིག་སྔར་ཏང་ཀྲུང་དབྱང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བའི་གྲོས་འགོ་འདོན་བཞིན་ཡོད། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་འཆར་འགོད་བཟོ་བའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། འབྲེལ་ཡོད་ཕྱོགས་་ཀྱིས་ཉེ་དུས་རྣམ་པ་སྣ་ཚོགས་བརྒྱུད། ལས་བྱེད་མང་ཚོགས་དང་། རིགས་གཅིག་མཁས་ཅན། མཁས་དབང་སོགས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཐད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱ་རྒྱུ་རེད། 

  
style="display:none;"