མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་
པེ་ཅིང་དུ་གྲོལ་བ། ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་168ཚོགས་འདུར་ཞུགས་ཡོད་པ་དང་ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་འབྲེལ། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ལས་དོན་སྙན་སྒྲོན་གནང་རྒྱུའི་མངགས་བཅོལ་བྱས་པ་རེད།
    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་གྱི་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ། དྲུང་ཆེ་བཅས་ཀྱི་མཚན་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་མཁན་གྱི་མཚན་ཐོ་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
    ཚོགས་འདུའི་ཐོག་འབྲེལ་ཡོད་བརྡས་ཐག་གཅོད་པའི་དོན་གནད་ལེགས་གྲུབ་བྱུང་རྗེས། ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་བ་རེད། ཁོང་གིས། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་གྲོས་འཆམ་བྱེད་རིང་། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་དང་ཚོགས་འདུར་ཟུར་ཞུགས་གནང་མཁན་བློ་མཐུན་ཚོས་རྒྱུན་ལས་ཨུ་ལྷན་གྱི་འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ལས་དོན་གྱི་སྙན་སྒྲོན་གྱི་མ་ཟིན་ལ་མོས་མཐུན་རྒྱ་ཁྱབ་ཏུ་གནང་ཡོད་ཅེས་གསུངས་པ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་པས། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་དོན། ཕྱི་ཕྱོགས་སྤེལ་རེས། རང་ངོས་འཛུགས་སྐྱོང་བཅས་ཚང་མར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ཚོགས་འདུའི་ཐོག་སྙན་སྒྲོན་གྱི་མ་ཟིན་དང་སླད་ཕྱིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོར་གསེད་བཀྲོལ་དང་ཞིབ་འཇུག་ནན་ཏན་བྱས་ཏེ་སྙན་སྒྲོན་གྱི་མ་ཟིན་དུས་ཚོད་དམ་འཛིན་ངང་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ནན་ཏན་བྱས་ནས་ལས་དོན་ལེགས་བཅོས་ཧུར་ཐག་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

  
style="display:none;"