མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པེ་ཅིང་ཚན་རྩལ་སློབ་ཆེན་དུ་ཡོད་པའི་ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཚོར་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་20ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཚན་རྩལ་སློབ་ཆེན་དུ་ཡོད་པའི་ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་ཚོར་འཕྲིན་ལན་སྤྲིངས་ཏེ། རྒྱལ་ཁབ་ཁག་གི་ཕུལ་བྱུང་གཞོན་ནུ་ཀྲུང་གོར་གཟབ་སྦྱོང་ལ་ཡོང་བར་དགའ་བསུ་ཞུས་པ་དང་སྦྲགས། ཁོང་ཚོར་ཀྲུང་གོའི་གཞོན་ནུ་ཚོ་དང་སྤེལ་རེས་མང་ཙམ་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་གཞོན་ནུ་དང་མཉམ་དུ་ལག་གདང་སྦྲེལ་ནས་དམངས་སེམས་གཅིག་འབྲེལ་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་ཚུན་ཤེས་བྱ་སྣ་ཚོགས་ཁོང་དུ་ཆུད་པ་མ་ཟད། ཀྲུང་གོའི་གྲོགས་པོ་མི་ཉུང་བ་ཞིག་ཀྱང་འགྲིག་པ་ཤེས་དུས་ཁྱེད་ཚོར་གྲུབ་འབྲས་འདི་ལྟ་བུ་ཐོབ་པར་ང་རང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ཁྱེད་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་བཞིན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུ་ཀྲུང་གོ་སྲིད་གཞུང་དང་སློབ་གྲྭ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་ཡོད་པའི་ཕྱི་སྦྱོང་སློབ་མ་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱས་ཏེ་ཚང་མར་ཕྱོགས་ཚང་མའི་ཐད་ནས་རོགས་རམ་བྱས་ཡོད། ཚེ་སྲོག་གི་རིན་ཐང་གཞལ་དུ་དཀའ། ཀྲུང་གོ་བ་དང་ཡང་ན་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་བ་སུ་ཞིག་ཡིན་རུང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཉེ་དགའ་ཕྱོགས་ཞེན་མེད་པར་ཐུགས་ཁུར་དང་བྱམས་སྐྱོང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། རིམས་ནད་ལ་འགོག་རྒོལ་བྱེད་རིང་ཕྱི་སྦྱོང་སློབ་མ་མང་པོ་ཞིག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོ་མི་དམངས་ཚོར་ཤུགས་རྒྱག་རོགས་བྱས་པ་ངས་ཤེས་བྱུང་། དཀའ་ཉེན་གྱི་དུས་སུ་བརྩེ་སེམས་ཟབ་མོ་མངོན། ཀྲུང་གོས་མུ་མཐུད་ཀྲུང་གོར་ཡོད་པའི་ཕྱི་སྦྱོང་སློབ་མ་ཚང་མར་ཕྱོགས་གང་ས་ཅི་ཐད་ནས་རོགས་རམ་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་གི་ཕུལ་བྱུང་གཞོན་ནུ་ཀྲུང་གོར་གཟབ་སྦྱོང་ལ་ཡོང་བར་དགའ་བསུ་ཞུ་རྒྱུ་དང་སྦྲགས། ཚང་མས་ཀྲུང་གོ་རྒྱུས་ལོན་མང་ཙམ་བྱས་ཏེ་འཛམ་གླིང་ལ་ཁྱེད་ཚོས་མཐོང་བའི་ཀྲུང་གོ་ཇི་ལྟར་ཡིན་ཚུལ་མང་ཙམ་ཤོད་པ་དང་ཀྲུང་གོའི་གཞོན་ནུ་དང་སྤེལ་རེས་མང་ཙམ་བྱས་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་གཞོན་ནུ་དང་ལག་གདང་སྦྲེལ་ནས་དམངས་སེམས་གཅིག་འབྲེལ་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     པེ་ཅིང་ཚན་རྩལ་སློབ་ཆེན་དུ་ད་ཆ་ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མ་52ཡོད་པའི་ཁྲོད་འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་49ཡོད་པ་རེད། ཉེ་དུས་ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པའི་ནང་། ཀྲུང་གོར་སློབ་སྦྱོང་བྱས་པའི་མྱོང་ཚོར་ཞུས་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུ་སློབ་གྲྭས་ཐུགས་ཁུར་དང་རོགས་རམ་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ། སློབ་གྲྭ་ཐོན་རྗེས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་ནས་ཀྲུང་ཕའི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ལུགས་ཞུས་ཡོད།

  
style="display:none;"