མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨོ་མན་སུའུ་ཏན་རྒྱལ་ཁབ་ཀྱི་གོ་གནས་གསར་དུ་ཁུར་བའི་རྒྱལ་པོ་ཧའེ་
སའེ་མུའུ་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་14ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་སའེ་མུའུ·པེན·ཐ་ལི་ཁེ·སའེ་དབྱི་ཏེར་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་ཁོང་གིས་ཨོ་མན་སུའུ་ཏན་རྒྱལ་ཁབ་ཀྱི་རྒྱལ་པོའི་འགན་གསར་དུ་ཁུར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་དུ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་ཕྱོགས་གཉིས་པོ་ཕན་ཚུན་ཡིད་ཆེས་བྱེད་པའི་འཐབ་ཇུས་རོགས་ཟླར་གྱུར་ཡོད། ངས་ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་པོ་ཧའེ་སའེ་མུའུ་དང་ལྷན་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"