མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་
པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་12ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཟླ་1ཚེས་10ཉིན། 2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་དེ་སྔའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་བདུན་གཅིག་དགུ་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཧོང་ཤུས་ཧྭ(གཡས)དང་ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེ་མོའི་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཙེང་ཆིང་ཚུན(གཡོན)ལ་བྱ་དགའ་གནང་བ།

    ཟླ་1ཚེས་10ཉིན། 2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་དེ་སྔའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་བདུན་གཅིག་དགུ་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཧོང་ཤུས་ཧྭ(གཡས)དང་ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེ་མོའི་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཙེང་ཆིང་ཚུན(གཡོན)ལ་བྱ་དགའ་གནང་བ།

    ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ།
      ལི་ཁེ་ཆང་གིས་གསུང་བཤད་གནང་བ། ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ། ཧན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོ། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་གནང་བ་དང་། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གསུང་བཤད་གནང་བ། ཧན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། 
     སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དང་ཐོག་2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་དེ་སྔའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་བདུན་གཅིག་དགུ་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཧོང་ཤུས་ཧྭ་དང་ཀྲུང་གོ་ཚན་རིག་ཁང་རླུང་ཁམས་ཆེ་མོའི་དངོས་ཁམས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཙེང་ཆིང་ཚུན་ལ་གཟེངས་རྟགས་དང་ལག་ཁྱེར་གནང་བ་དང་འབྲེལ། ཁོང་གཉིས་པོར་སྤྲོ་སེམས་འཁོལ་པོས་ཕྱག་བཏང་གནང་ནས་རྟེན་འབྲེལ་ཞུས་ཏེ་ཁོང་རྣམ་གཉིས་ཀྲུའུ་ཞི་སྡིངས་ཆར་གདན་དྲངས་པ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བྱ་དགའ་མཐོ་ཤོས་ཐོབ་མཁན་གཉིས་པོ་དང་ལྷན་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མིར་ལག་ཁྱེར་གནང་བ་རེད། 
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་བྱ་དགའ་ཐོབ་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། ཀྲུང་གོའི་ཚན་རྩལ་བྱ་གཞག་ལ་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 
     ལི་ཁེ་ཆང་གིས་གསུངས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་ཚུན་དུ། རང་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ན་ནིང་། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་སྟེ་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་ལྡན་པའི་གྲུབ་འབྲས་ཁག་གཅིག་ཐོབ་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་གཏིང་ཟབ་ཏུ་ཕྱིན་ཏེ་སྒུལ་ནུས་གསར་པ་རྒྱུན་མཐུད་མགྱོགས་མྱུར་འཕེལ་ཡོད། འདི་ལོ་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་རྒྱུ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས། 
    ལི་ཁེ་ཆང་གིས་ནན་བཤད་གནང་དོན། ཚན་རྩལ་འཕེལ་རྒྱས་བཏང་ནས་སྣོད་བཅུད་གསར་གཏོད་བྱེད་དགོས། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་པོ་གསར་པའི་ནུས་པ་འདོན་སྤེལ་དང་། འགྲོ་གྲོན་སྣོན་རྩིས་འཐེན་འཕྲི་སོགས་ཀྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཞིབ་སྤེལ་དོན་འཁྱོལ། ཤེས་བྱའི་བདག་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བཅས་བྱས་ཏེ་ཁེ་ལས་ཀྱི་གསར་གཏོད་ནུས་པ་དང་འདོད་འདུན་ཆེ་རུ་གཏོང་དགོས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་། མཐོ་སློབ་སློབ་གླིང་དང་སློབ་གྲྭ མངོན་འགྱུར་བ་ཕལ་པ་རྒྱུན་འཁོར་གསར་གཏོད་དང་ཐོན་སློབ་ཞིབ་སྤྱོད་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གསར་གཏོད་ཀྱི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས། 
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། གསར་གཏོད་ཀྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ཆེ་ཤོས་ཤིག་དང་། དུས་སྐབས་གང་འདྲ་ཞིག་ལའང་མེད་དུ་མི་རུང་བའི་སྙིང་སྟོབས་ཀྱི་ཁྱད་ཆོས་ཤིག་རེད། རྒྱ་ཆེའི་ཚན་རྩལ་ལས་དོན་པས་བྱ་དགའ་ཐོབ་མཁན་རྣམས་མིག་དཔེར་བཟུང་ནས་གསར་གཏོད་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་སྟེ། མི་སྒེར་གྱི་ཕུགས་བསམ་རང་རྟོགས་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བྱ་གཞག་རླབས་ཆེན་དང་མཉམ་འདྲེས་ཐུབ་པར་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་ཀྱི་འགྲོ་ལམ་དུ་བསྐྱོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོས་ཚོགས་འདུའི་ཐོག《2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད། 
      ཧོང་ཤུས་ཧྭ་དང་ཙེང་ཆིང་ཚུན་གྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད། 
     2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགར་རྣམ་གྲངས་296དང་ཚན་རྩལ་རིགས་གཅིག་མཁས་ཅན་12དཔྱད་འདེམས་བྱས་པ་རེད། དེའི་ནང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཁག་46ཡོད་པ་ལས་བྱ་དགའ་རིམ་པ་དང་པོ་1དང་བྱ་དགའ་རིམ་པ་གཉིས་པ་45ཡོད། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ་ཁག་65ཡོད་པ་ལས། བྱ་དགའ་རིམ་པ་དང་པོ་3དང་བྱ་དགའ་རིམ་པ་གཉིས་པ་62ཡོད། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཁག་185ཡོད་པ་ལས། དམིགས་བསལ་བྱ་དགའ་3དང་། བྱ་དགའ་རིམ་པ་དང་པོ་22 བྱ་དགའ་རིམ་པ་གཉིས་པ་160ཡོད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་10ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་གནང་བ་རེད།

 ཟླ་1ཚེས་10ཉིན། 2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཀྱིས་བྱ་དགའ་ཐོབ་མཁན་འཐུས་མིར་མཇལ་འཕྲད་གནང་བ་དང་ཆབས་ཅིག་ཚང་མ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།
 ཟླ་1ཚེས་10ཉིན། 2019ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་སོགས་ཀྱིས་བྱ་དགའ་ཐོབ་མཁན་འཐུས་མིར་མཇལ་འཕྲད་གནང་བ་དང་ཆབས་ཅིག་ཚང་མ་དང་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

  
style="display:none;"