མི་དམངས་དྲ་བ།

༄༅༎《ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་
ཞུ་བའི་གསུང་བཤད་གལ་ཆེན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་08ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གསུང་བཤད་གལ་ཆེན》ཞེས་པའི་དེབ་ཉེ་ཆར་ཕྱི་སྐད་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་རྒྱལ་ཁབ་ཕྱི་ནང་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
     2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྟེན་འབྲེལ་མཛད་སྒོ་གལ་ཆེན་རབ་དང་རིམ་པར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་དཀའ་ངལ་ཁྱད་བསད་དང་དཀའ་སྤྱད་ལས་སྒྲུབ་ཀྱི་རླབས་ཆེ་བའི་ལོ་རྒྱུས་འཕེལ་རིམ་རྒྱས་བཤད་གཏིང་ཟབ་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱིས་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་མདུན་དུ་སྐྱོད་པའི་རྒྱལ་ཁའི་གླུ་དབྱངས་བླངས་པ། དུས་རབས་གསར་པའི་ཀྲུང་གོ་མི་དམངས་ཀྱི“ལམ་ཆས་བསྐྱར་དུ་བསྡོགས་ནས་རྡོག་ཐོན་བྱེད་པའི”སྤོབས་ཉམས་ཆེན་པོ་མངོན་པ། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གསལ་བསྒྲགས་བྱས་པ་བཅས་ལས་ཀྲུང་གོའི་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཇེ་ཆེར་འཕེལ་བ། རྒྱལ་ཁབ་ཕྱི་ནང་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་ཚོའི་གདེང་ཚོད་དང་སྤོབས་སེམས་ཧ་ཅང་ཆེ་རུ་སོང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་སུ་དོ་ཁུར་རྒྱ་ཁྱབ་ཐོབ་པ་དང་ཚུར་སྣང་ལན་ཆ་དྲག་པོའང་བྱུང་ཡོད།
     《ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གསུང་བཤད་གལ་ཆེན》ཞེས་པའི་དེབ་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་ཁག་3བསྡུས་ཡོད།

  
style="display:none;"