མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་30ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཀྲུང་དབྱང་བརྙན་འཕྲིན་དྲ་བ་ནས་གནས་ཚུལ་སྤེལ་གསལ། ཟླ་12ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་སོ་བདུན་པ་དང་། སོ་བརྒྱད་པ། སོ་དགུ་པ། བཞི་བཅུ་པ། ཞེ་གཅིག་པ། ཞེ་གཉིས་པ་བཅས་ཀྱི་ཐོག་མཚན་རྟགས་བཀོད་གནང་བ་རེད།
     ཀྲུའུ་ཞིའི་བཀའ་རྒྱ་ཨང་སོ་བདུན་པའི་ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་ལོར་བཅའ་ཁྲིམས》ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་2019ལོའི་ཟླ་12ཚེས་28ཉིན་བཟོ་བཅོས་བརྒྱབ་པར་གྲོས་འཆམ་བྱུང་བ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2020ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
     ཀྲུའུ་ཞིའི་བཀའ་རྒྱ་ཨང་སོ་བརྒྱད་པའི་ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་སྐུལ་སྤེལ་བཅའ་ཁྲིམས》ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2020ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
     ཀྲུའུ་ཞིའི་བཀའ་རྒྱ་ཨང་སོ་དགུ་པའི་ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་2019ལོའི་ཟླ་12ཚེས་28ཉིན་བཟོ་བཅོས་བརྒྱབ་པར་གྲོས་འཆམ་བྱུང་བ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2020ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
    ཀྲུའུ་ཞིའི་བཀའ་རྒྱ་ཨང་བཞི་བཅུ་པའི་ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་གྱི་ཡོ་བསྲང་བཅའ་ཁྲིམས》ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2020ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
    ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་གཅིག་པའི་ནང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤུན་ཟླ་ཐའེ་དབན་བའི་མ་འཇོག་སྲུང་སྐྱོང་བཅའ་ཁྲིམས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
    ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་གཉིས་པའི་ནང《འབྲེལ་ཡོད་བསྡུ་ཉར་སློབ་གསོ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ལམ་ལུགས་མེད་པ་བཟོ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་2019ལོའི་ཟླ་12ཚེས་28ཉིན་གྲོས་འཆམ་བྱུང་བ་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་། 2019ལོའི་ཟླ་12ཚེས་29ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། 

  
style="display:none;"